ཀན་ལྷོ་ཁུལ་སྤུས་ཚད་ལྟ་སྐུལ་སུའོ་ཡིས་གསོལ་མགྲོན་ཁང་གི་ཚད་འཇལ་ཡོ་བྱད་ལ་རིན་མེད་པར་ཞིབ་དཔྱད་གཏན་ཁེལ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁུལ་སྲིད་གཞུང་གིས་ཡུལ་སྐོར་ཕྱོགས་བསྡུས་ཁྲིམས་སྐྱོང་ཞིབ་བཤེར་བྱ་འགུལ་ཁྲོད་དུ་གསོལ་མགྲོན་ཁང་རེ་གཉིས་ཀྱི་ཐབ་ཚང་ན་ཞིབ་བཤེར་གཏན་ཁེལ་བྱས་མེད་པའི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་བཞིན་པའི་གནད་དོན་ལ་དམིགས་ནས། ཁུལ་སྤུས་ཚད་ལྟ་སྐུལ་སུའོ་ཡིས་མྱུར་དུ་ཚད་འཇལ་ཞིབ་བཤེར་གཏན་ཁེལ་མི་སྣ་རྩ་འཛུགས་བྱས་ཏེ། གཙོས་གྲོང་ཁྱེར་གྱི་མངའ་ཁོངས་ནས་ཀུན་བཟང་གསོལ་མགྲོན་ཁང་དང་དབྱི་ཧོ་གསོལ་མགྲོན་ཁང་། ཀན་ལྷོ་གསོལ་མགྲོན་ཁང་སོགས་གསོལ་མགྲོན་ཁང་གི་ཐབ་ཚང་དུ་བེད་སྤྱོད་བྱེད་བཞིན་པའི་ཚད་འཇལ་ཡོ་བྱད་ལ་རིན་མེད་པར་ཞིབ་བཤེར་གཏན་ཁེལ་བྱས། 

བྱ་འགུལ་ཁྲོད་གློག་རྡུལ་རྒྱ་མ་སོགས་བསྡོམས་པས་ཚད་འཇལ་ཡོ་བྱད18ལ་ཞིབ་བཤེར་གཏན་འཁེལ་བྱས་ཤིང་། ཞིབ་བཤེར་ཚད་ལོན་ཚད100%སླེབས་པ་ཡིན། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།