ཅོ་ནེ་རྫོང་གིས་གཟབ་ནན་སྒོས་ལོ་སར་རྗེས་ཀྱི་གྲོང་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་སྒྲིག་བཅོས་ལ་ཤུགས་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་གྱི་གུང་གསེང་རིང་མོ་མཇུག་སྒྲིལ་རྗེས། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་གྲོང་ཁུལ་གྱི་ཁོར་ཡུག་གཙང་སྦྲའི་ཕྱོགས་བསྡུས་སྒྲིག་བཅོས་ལ་ཤུགས་བསྣན་ནས། གྲོང་ཁུལ་གྱི་ཁོར་ཡུག་གཙང་མ་དང་གྲལ་དག་པ། གོ་རིམ་ཡོད་པ་ཁག་ཐེག་བྱས། 

ཁོར་ཡུག་གཙང་སྦྲའི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་པ། རྫོང་ལྟ་སྐུལ་ཞིབ་བཤེར་ཁང་གིས་ལྟ་སྐུལ་ཚན་ཆུང4མངགས་གཏོང་བྱས་ནས། གྲོང་ཁུལ་གྱི་སྲང་ལམ་ཆེ་མ་ཆུང་གསུམ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འབྲེལ་སྡེ་ཁག་གི་ཁོར་ཡུག་གཙང་སྦྲ། འགྲིམ་འགྲུལ་སྒྲིག་ལམ་བཅས་ལ་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས། 

ལམ་དུམ་གྱི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་པ། རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཧུར་བརྩོན་སྒོས་གྲོང་ཁུལ་གྱི་རླངས་འཁོར་རང་འདོད་དུ་གང་སར་འཇོག་པ་དང་། རང་འདོད་ཀྱིས་སྲང་ལམ་བཞི་མདོའི་གློག་དམར་ལས་བརྒལ་བ། ཆང་འཐུང་རྗེས་རླངས་འཁོར་བསྐོར་བ་སོགས་ཀྱི་བྱ་སྤྱོད་ལ་ཆེད་དོན་སྒྲིག་བཅོས་བྱས་ནས། གྲོང་ཁུལ་གྱི་སྲང་ལམ་གྱི་འགྲིམ་འགྲུལ་སྒྲིག་ལམ་ཡོད་པ་དང་ཤར་སྐྱོད་ཐུབ་པ་ཁག་ཐེག་བྱས། 

ཁོར་ཡུག་གཙང་བཟོའི་གནས་ཚུལ་ལ་ཤུགས་བསྣན་པ། རྫོང་དོ་དམ་རུ་ཆེན་གྱིས་ཁྲིམས་བསྟར་ཐེངས300ལྷག་བྱས་ཤིང་། གང་འདོད་དུ་བཞག་པའི་རླངས་འཁོར100ལྷག་དང་། གནས་ངེས་གཏན་མེད་པའི་ཚོང་གཉེར་བ་དང་སྲང་ལམ་བཀག་ནས་ཚོང་གཉེར་བའི་ཚོང་བ42ལ་སྒྲིག་བཅོས་བྱས། གང་སར་བརྡ་ཁྱབ་སྦྱར་བའི་གནད་དོན20ལྷག་རྩད་ཆོད་ལ། དུས་ཐོག་ཏུ་གྲོང་ཁུལ་གྱི་ཤོག་སྦག་སོགས་སྦགས་བཙོག་དངོས་པོ་རླངས་འཁོར3གཙང་བཟོ་བྱས། 

ཚུལ་མིན་གྱི་བྱ་སྤྱོད་སྤྱི་བསྒྲགས་བྱེད་པར་ཤུགས་བསྣན་པ། རྫོང་དཔལ་ཡོན་གཞུང་སྒྲུབ་ཁང་དང་རྫོང་བརྙན་འཕྲིན་ཁང་གིས་གྲོང་ཁུལ་གྱི་མི་སྒེར་གྱི་ཚུལ་མིན་གྱི་བྱ་སྤྱོད་དང་། ལས་ཁུངས་ཁ་ཤས་ཀྱི་ཁོར་ཡུག་གཙང་སྦྲ་བྱས་པ་མི་ལེགས་པ་དང་འགན་འཁྲིའི་ས་ཁོངས་སུ་གད་སྙིགས་གང་སར་ཁྱད་ཡོད་པའི་གནས་ཚུལ་སྤྱི་བསྒྲགས་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།