ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་གྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱས་པ།

ཡོང་ཁུངས། : མདོ་ལྷོ་དྲ་བ།     སྤེལ་དུས། : 2017-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ལོ་འགོར། རྒྱལ་ཁབ་ཡུལ་སྐོར་ཅུའུ་ཡིས་སྐོར་དང་པོའི“རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ”འཛུགས་སྐྲུན་བྱེད་པའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཀན་ལྷོ་ཁུལ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་རྫོང262སྐོར་དང་པོར་འཛུགས་སྐྲུན་བྱེད་པའི་སྡེ་ཚན་ཡིན། བོད་ཁུལ་གཞན་དག་དང་བསྡུར་ན། རང་ཁུལ་གྱི་ཡུལ་སྐོར་ལས་རིགས་དར་འགོ་ཚུགས་མ་ཐག་ཡིན་ལ། ཁོངས་ཡོངས་ཡུལ་སྐོར་གྱིས་ནང་ལོག་དང་ཆེས་ཐག་ཉེ་བའི་མདོ་དབུས་མཐོ་སྒང་འདི་ལ་སྔར་ལས་མེད་པའི་གོ་སྐབས་བཟང་བོ་ཞིག་བསྐྲུན། རང་ཁུལ་གྱིས“རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ”འཛུགས་སྐྲུན་བྱེད་པའི་གོ་རིམ་ཁྲོད། འཆར་འགོད་མཐོན་པོ་དང་རིམ་མཐོའི་གསར་སྤེལ། ནུས་ཆེའི་བེད་སྤྱོད་རྒྱུན་འཁྱོངས་བྱས་པས་ཡུལ་སྐོར་ཐོན་ལས་ལ་འཕོ་འགྱུར་གསར་བ་དང་ཁྱད་ཆོས་གསར་བ། ཉམས་མྱོང་གསར་བ་གསལ་ལེར་མངོན།

ཚད་མཐོའི་ཇུས་གཞིར་ཐབས་ཇུས་གསར་བ་ལྡན་པ། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་ཚན་གཙོ་བྱས་པའི་ཁུལ་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། 《ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་དཔར་འགྲེམ་བྱས་པའི་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལག་བསྟར་གྱི་འཆར་གཞི》དངོས་སུ་བཏོན་པ་དང་། ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་གྱིས་རྫོང་དང་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའ་ཅི་དང་རྫོང་དཔོན་དང་ཧྲི་ཀྲང་གཉིས་ལ《2017ལོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་དཔྱད་ཞིབ་བྱེད་པའི་འགན་འཁྲིའི་ཡི་གེ》བཞག

ཡུལ་སྐོར་ཁོར་ཡུག་ལ་རྣམ་པ་གསར་བ་ཐོན་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བྱ་ཐབས་སྣ་ཚོགས་བཀོལ་ནས་ཁོངས་ཡོངས་ཡུལ་སྐོར་དུ་གད་སྙིགས་མེད་པའི་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་བྱེད་པའི“ཁོར་ཡུག་གི་གསར་བརྗེ”བྱ་བ་སྤེལ་ནས་ཀན་ལྷོའི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་།

གྲོང་ཁྱེར་མཛེས་བཟོ་ལ་ཁྱད་ཆོས་གསར་བ་ཐོན་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས“གྲོང་ཁྱེར‘མཛེས་བཟོ”“སྲང་ལམ‘གཙང་དག”“ཟུང་འབྲེལ་སྡེ་ཁག‘གྲ་དག”“མགྲོན་པོ་སྣེ་ལེན་ཁང་‘རབ་མཛེས”བཅས་གཏོང་བའི་བླང་བྱ་བཏོན་ནས་མཛེས་སྡུག་གི་ཀན་ལྷོ་འཛུགས་སྐྲུན་བྱས།

སྤྱི་བའི་ཞབས་ཞུ་ལ་མཐོར་འདེགས་གསར་བ་བྱུང་བ། གཞུང་ལམ་འགྲམ་དུ་རྒྱང་གཟིགས་སྟེགས་བུ52དང་གཙང་སྤྱོད་ཁང133བསྐྲུན་པ་དང་ཁུལ་དང་གྲོང་ཁྱེར་དང་རྫོང་དུ་གཞུང་ཕྱོགས་ཀྱི་སྐད་འཕྲིན་སྟེགས་བུ10སྒོ་ཕྱེ།

དྲིལ་བསྒྲགས་མྱུར་ཚོང་ལ་གྲུབ་འབྲས་གསར་བ་ཐོབ་པ། དྲིལ་བསྒྲགས་ངོ་སྤྲོད་ཕྱི་རྒྱལ་དུ་བསྐྱོད་པ་དང་མ་དངུལ་སྒོར་ཁྲི413.2བཏང་ནས་དྲིལ་བསྒྲགས་གློག་བརྙན《མཛེས་སྡུག་གི་ཀན་ལྷོ་སྟེ་རྨི་ལམ་ནང་གི་ལྗོངས་རྒྱུའི་གནས་མཆོག》ཀྲུང་དབྱང་བརྙན་འཕྲིན་ལས་བཏང་།

མཉམ་འདྲེས་འཕེལ་རྒྱས་ལས་རིག་ལམ་གསར་བ་བརྙེད་པ། ཁུལ་དུ་ཆེད་ལས་རིག་རྩལ་ཚོགས་པ8བཙུགས་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་རིག་རྩལ་ལྷན་འཛོམས་སྤྲོ་ཚོགས་འཁྲབ་སྟོན་བྱས་པ་དང་མ་དངུལ་ཕྱོགས་སྒྲིག་བྱས་ནས་སྐེ་ཚེའི་མཛེས་ལྗོངས་ས་ཁུལ་དང་ལྗང་མདོག་གི་འགྲོ་ལམ་འཛུགས་སྐྲུན་བྱས་ཤིང་། “རྒྱལ་ཡོངས་སྒར་ཁའི་ཚོགས་ཆེན”“རྒྱལ་ཡོངས་རི་འཛེགས་འགྲན་བསྡུར”“བོད་ཁུལ་གྱི་ངོ་མཚར་ཆེ་བའི་ལྕགས་རྟ་འགྲན་བསྡུར”སོགས་ཀྱི་བྱ་འགུལ་སྤེལ།

ཚོང་རའི་ལྟ་སྐུལ་དོ་དམ་ལ་མཐོར་འདེགས་གསར་བ་བྱུང་བ། ཕྱོགས་བསྡུས་ཁྲིམས་འཛིན་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས་མངའ་ཁོངས་གལ་ཆེན་དང་ས་གནས་གཙོ་བོར་ཡུལ་སྐོར་ཕྱོགས་བསྡུས་ཁྲིམས་འཛིན་གྱི་བྱ་འགུལ་སྤེལ་ནས་ཡུལ་སྐོར་ཚོང་རའི་སྒྲིག་ལམ་རྒྱུན་མཐུད་ངང་གཏན་འཇགས་ཡོང་བ་ཁག་ཐེག་བྱས། །                                                              

རྩོམ་སྒྲིག་པ། : ཀླུ་མོ་མཚོ།