ཀྲུང་གོ་བོད་ཀྱི་དྲ་བ།

བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་ལོ་སྨོན་ལམ་སྐབས་ཀྱི་འཆམ་འཁྲབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2017-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

F2017021316040331167300990.jpg

F2017021316043721967300993.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  སྤྱི་ཟླ2པའི་ཚེས10ཉིན། བླ་བྲང་བཀྲ་ཤིས་འཁྱིལ་དུ་རྒྱ་ལོ་སྨོན་ལམ་སྐབས་ཀྱི་འཆམ་འཁྲབ་པས། མཚོ་སྔོན་དང་སི་ཁྲོན། ཡུན་ནན་སོགས་ས་ཁུལ་གྱི་བོད་རིགས་སེར་སྐྱ་མང་པོ་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་བཅས་མི་ཁྲི10ལྷག་ཙམ་ལྟད་མོ་ལྟ་བར་སླེབས་ཡོད་པ་རེད།

F2017021316041231967300991.jpg

F2017021316042720467300992.jpg

F2017021316052114267300995.jpg

བཀྲ་ཤིས་འཁྱིལ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་ཆེན་དྲུག་གི་ཡ་གྱལ་ཡིན་ལ། "འཛམ་གླིང་གི་བོད་རིག་པའི་སློབ་གྲྭ"ཞེས་པའི་མཚན་སྙན་ཡང་ཐོབ་ཡོད། ལོ་རེའི་རྒྱ་ལོ་བཅུ་བཞི་ཡི་འཆམ་འཁྲབ་པ་ནི་དགོན་པ་འདི་ཡི་རྒྱ་ལོ་སྨོན་ལམ་ཁྲོད་ཀྱི་བྱེད་སྒོ་བྱེ་བྲག་ཅིག་ཡིན་ཞིང་། འཆམ་འཁྲབ་པའི་ཐོག་ནས་ལོ་གསར་པར་བཀྲ་ཤིས་དོན་གྲུབ་ཡོང་བའི་སྨོན་ལམ་འདེབས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།