ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཅོ་ནེ་རྫོང་གིས་གནད་འགག་ལྔ་འབུར་དུ་ཐོན་པར་བྱས་ནས་གནད་ཁེལ་དབུལ་སྐྱོར་བྱ་བ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གིས་གནད་ཁེལ་དབུལ་སྐྱོར་མཁྲེགས་གཏོར་བྱ་བའི་ཁྲོད་དུ། “ཁག་བགོས་སྐུལ་སྤེལ། རྐྱེན་སྲོལ་གསར་གཏོད། ཐོན་ཁུངས་སྡེབ་སྒྲིག མི་རིགས་ཁྱད་ཆོས། དཔེ་སྟོན་སྣེ་ཁྲིད”བཅས་ཀྱི་གནད་འགག་ཆེན་པོ་ལྔ་འབུར་དུ་ཐོན་པར་བྱས་ནས།  གོང་གི་སྲིད་ཇུས་དང་མཐུན་ལ་འོག་གི་གནས་བབ་དང་མཐུན་པའི་དབུལ་སྐྱོར་མཁྲེགས་གཏོར་གྱི་ལམ་བུ་གསར་བ་རྙེད།

ཁག་བགོས་ནས་སྐུལ་སྤེལ་བྱས་པ། “333”གྱི་དབུལ་སྐྱོར་མཁྲེགས་གཏོར་འཆར་གཞི་ལག་བསྟར་བྱས་ནས། རྫོང་ཡོངས་ཀྱི་ཤང་གྲོང15ཤར་ཁུལ་དང་ལྷོ་ཁུལ། དབུས་ཁུལ་བཅས་ཁག་གསུམ་དུ་བགོས་ནས། ལོ་གསུམ་གྱི་དུས་ཚོད་སྤྱད་དེ་གོམ་གསུམ་སྤོ་བའི་འཐབ་ཇུས་དམིགས་འབེན་ལྟར། ཁག་བགོས་པའི་དབུལ་སྐྱོར་མཁྲེགས་གཏོར་སྤེལ་ཐུབ་པ་བྱུང་། ལྷག་པར་དུ་ཉིན་པ་དང་བརྒྱ་མཆེད་ས་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་གྱི་གནད་འགག་དེ་དང《ཀན་ལྷོའི་དབུས་ཁུལ་གྱི(ཆས་པའི་གཤིས་ཆུ་བོའི་འབབ་རྒྱུད)ཆེས་དབུལ་བོའི་ཁུལ་གྱི་དབུལ་སྐྱོར་གོང་འཕེལ་གྱི་འཆར་གཞི》དང་སྦྲེལ་ནས། 《དབུལ་སྐྱོར་མཁྲེགས་གཏོར་གྱིས་ཉིན་པ་དང་བརྒྱ་མཆེད་ལ་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་འཆར་གཞི་ལག་བསྟར་བྱ་ཐབས》གཏན་འབེབས་བྱས་ཤིང་། “འཛུགས་གསུམ་དང་མཐོར་འདེགས་ཟུང”གི་མང་ཚོགས་བྱ་བ་གསར་གཏོད་དང་དར་སྤེལ་བྱས་ནས། རྫོང་ཡོངས་ཀྱི་ཁའོ་རིམ་པའི་ལས་བྱེད་པ308ཀྱིས་མང་ཚོགས་བྱ་བྱེད་ཚན་ཆུང11བཙུགས་ནས། ཉིན་པ་དང་བརྒྱ་མཆེད་སྡེ་བ་གཉིས་ཀྱི་ཁྱིམ་ཚང643ལ་དྲ་ལམ་ནས་དོ་དམ་བྱེད་པ་མངོན་འགྱུར་བྱུང་ཞིང་། ཉིན་པ་དང་བརྒྱ་མཆེད་སྡེ་བ་གཉིས་ཀྱི་དབུལ་ཕོངས་ས་ཁུལ་དུ་འགྱུར་ལྡོག་ཆེན་པོ་བྱུང་ནས། ཉིན་པ་དང་བརྒྱ་མཆེད་སྡེ་བ་གཉིས་ཀྱི་ལོ་ངོ20རིང་གི་ནོར་ལུག་བསྲེས་འཚོ་བྱེད་པ་མངོན་འགྱུར་བྱུང་།

རྐྱེན་སྲོལ་གསར་གཏོད་བྱས་པ། རྐྱེན་སྲོལ་གསར་གཏོད་བྱེད་པ་དེ་དབུལ་སྐྱོར་མཁྲེགས་གཏོར་གྱི་གཞི་འཛིན་ས་གཙོ་བོ་བྱེད་པ་དང་། ཁུལ་ཡོངས་ཀྱི་སྔོན་གྲས་སུ“སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས་ཀྱིས་འབྲེལ་གཉིས་བྱ་འགུལ་ལ་རོགས་སྐྱོར་བྱེད་པ”ལག་བསྟར་བྱས་ནས། སྤྱི་དབང་ལམ་ལུགས་མིན་པའི་ཁེ་ལས37རྩ་འཛུགས་བྱས་ནས། ཤང་གྲོང10ཡི་སྡེ་བ་དང་ཚན་ཆུང43དང་དབུལ་ཕོངས་ཁྱིམ་ཚང297དང་འབྱོར་བ་ཞན་པའི་སློབ་གྲྭ་ཆེན་མོ་བ10 བཅས་ལ་རོགས་སྐྱོར་བྱས་ཏེ། ལོ་ཧྲིལ་བོར་རོགས་སྐྱོར་མ་དངུལ་སྒོར་ཁྲི500ཡན་དུ་བསླེབས།

ཐོན་ཁུངས་སྡེབ་སྒྲིག་བྱས་པ། ལས་རིགས་དང་སྡེ་ཁག་གི་མཚམས་ལས་བརྒལ་ནས། ལོ་གསུམ་གྱི་འཆར་གཞི་བཀོལ་ཏེ་ལས་གཞིའི་རྣམ་གྲངས་དང་གསོ་སྦྱོང་གི་མ་དངུལ་སྒོར་དུང་ཕྱུར 15སྡེབ་སྒྲིག་བྱེད་པའི་འཆར་གཞི་བཀོད་པ། ཚང་མ་དབུལ་སྐྱོར་མཁྲེགས་གཏོར་ཐད་དུ་བཀོལ། 2014ལོར། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་སྣ་ཚོགས་དང་གནོད་པ་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཀྱི་མ་དངུལ་སྒོར་དུང་ཕྱུར4.33སྡེབ་སྒྲིག་བྱེད་པ་དང་ཤར་ཁུལ་གྱི་ཤང་གྲོང6གི་དབུལ་སྐྱོར་མཁྲེགས་གཏོར་ཐད་དུ་བཀོལ། 2015ལོར། ཞིང་ལས་དང་འབྲེལ་བ་ཡོད་པའི་མ་དངུལ་སྣ་ཚོགས་དང་ཉིན་པ་དང་བརྒྱ་མཆེད་ས་ཁུལ་གྱི་དབུལ་སྐྱོར་མཁྲེགས་གཏོར་ཐད་ཀྱི་མ་དངུལ་སྒོར་དུང་ཕྱུར7.49སྡེབ་སྒྲིག་བྱས་ཤིང་། གཙོ་བོ་དབུས་རྒྱུད་ས་ཁུལ་གྱི་ཤང་གྲོང 5ཡི་དབུལ་སྐྱོར་མཁྲེགས་གཏོར་ཐད་དུ་བཀོལ། 

རིག་གནས་ཀྱིས་དབུལ་སྐྱོར་བྱས་པ། ཅོ་ནེ་རྫོང་གི་དབུལ་ཕོངས་སྡེ་བའི་རོང་འབྲོག་དམངས་ཀྱི་བུ་ཕྲུག་རྣམས་གླུ་དང་གར་ལ་མཁས་པའི་དགེ་མཚན་ལ་དམིགས་ནས། སྔ་གཞུག་ཏུ་དབུལ་ཕོངས་རོང་འབྲོག་སྡེ་བའི་བུ་ཕྲུག་རིག་རྩལ་ནུས་རྩལ་གསོ་སྦྱོང་ཐེངས་གཉིས་བསྒྲུབས་ནས་མི100གསོ་སྦྱོང་ལ་ཞུགས་ཏེ། རིག་གནས་ཀྱི་དབུལ་སྐྱོར་བྱེད་པའི་ལམ་བུ་གསར་བ་རྙེད། གཙག་དྲུབ་ཀྱི་དམངས་སྲོལ་རིག་གནས་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཕོངས་བུད་མེད1650སྣེ་ཁྲིད་དེ་གཙག་དྲུབ་ལས་སྣོན་ཐོན་ལས་སུ་ཞུགས་ནས། ལས་རིགས་ཀྱི་སྣེ་ཁྲིད་མི་སྣ60གཙག་དྲུབ་ཀྱི་གློག་རྡུལ་ཚོང་དོན་ལས་རིགས་གསར་གཏོད་དུ་ཞུགས། མི་རེར་ཆ་སྙོམས་ཡོང་སྒོ་སྒོར8000ལ་བསླེབས་པ་དང་། གཙག་དྲུབ་ལས་རིགས་དེ་ཐོན་ལས་ཆེན་པོ་རུ་གྱུར།

དཔེ་སྟོན་གྱིས་སྣེ་ཁྲིད་བྱས་པ། འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྫོང་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་དང་ཁའོ་རིམ་པ་གཞོན་པ་ཡན་ཆད་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས། དབུལ་སྐྱོར་མཁྲེགས་གཏོར་གྱི་ཤེས་བྱའི་ཡིག་རྒྱུགས་བླངས་ཏེ། འགོ་ཁྲིད་ལས་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱེད་པར་མཛུབ་སྟོན་དང་དབུལ་སྐྱོར་མཁྲེགས་གཏོར་གྱི་དོན་དངོས་ནུས་པ་དང་བྱ་བའི་ཆུ་ཚད་མཐོར་འདེགས་སུ་བཏང་། 《ཅོ་ནེ་རྫོང་གི་གནད་ཁེལ་དབུལ་སྐྱོར་དང་འབྲེལ་གཉིས་བྱ་འགུལ་གྱི་བྱ་བའི་འགན་འཁྲི་རྩད་གཅོད་བྱ་ཐབས་ཀྱི་གནས་སྐབས་ཀྱི་ལག་བསྟར་བྱ་ཐབས》གཏན་ཁེལ་བྱས་ཤིང་། འགན་འཁྲི་རྩད་གཅོད་ལག་བསྟར་བྱ་ཤུགས་ཆེ་རུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་ལས་བྱེད་པའི་འགན་འཁྲི་རྩད་གཅོད་བརྒྱུད་རིམ་ཁྲོད་ཀྱི་གནད་དོན་བསལ་ནས། སྔར་ལས་ལྷག་པར་དུ་བྱ་བའི་ལས་འགན་ཏན་ཏིག་ཏུ་སྤེལ། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།