ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་ཚོང་ལས་ཁྲོམ་རའི་འཛེར་སྒྲ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱི་རྒྱ་ཆེའི་གྲོང་མི་རྣམས་ལ་བདེ་ཞིང་སྐྱིད་པའི་ཁོར་ཡུག་ཅིག་བསྐྲུན་ཆེད། ཚོང་ལས་ཁྲོམ་རའི་འཛེར་སྒྲ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་སྐོར་གྱི་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བརྡ་ཐོའི་བླང་བྱ་གཞིར་བཟུང་། ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་བཀོད་སྒྲིག་འོག ཁུལ་ཡོངས་ཀྱི་རིག་གནས་དང་། ཁོར་ཡུག་སྲུང་སྐྱོང་། སྤྱི་བདེ། བཟོ་ཚོང་། མེ་ཟོན་བཅས་སྡེ་ཚན་གྱིས2016ལོའི་ཟླ12ཚེས5ཉིན་ནས་བཟུང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཚོང་ལས་ཁྲོམ་རའི་འཛེར་སྒྲ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་། དེའི་རིང་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པ་དང་། འཛེར་སྒྲ་གྲགས་ཚད་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ཚད་གཞི་ལས་བརྒལ་བ། མང་ཚོགས་ཀྱིས་ལབ་གླེང་མང་པོ་བྱེད་པའི་གཉེར་སྐྱོང་བྱ་ཡུལ་བཅས་ལ་མཉམ་འབྲེལ་ཐོག་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

ད་ཐེངས་ཀྱི་བྱ་སྤྱོད་དེས་གྲོས་འདོན་ཡི་གེ་སྤྲོད་པ་དང་། བརྡ་ཁྱབ་གཏོང་བ། ཁས་ལེན་ཡི་གེ་འཇོག་པ་བཅས་ཀྱི་བྱ་ཐབས་ཐོག་ནས་གཉེར་སྐྱོང་བྱ་ཡུལ་ལ་ཕྱོགས་ཡོངས་ནས་འཚོལ་ཞིབ་བཅོས་སྒྲིག་བྱས་ཏེ་ཚོང་ལས་ཁྲོམ་རའི་འཛེར་སྒྲ་སྒྲོག་པའི་བྱ་སྤྱོད་ལ་བཀག་འགོག་ནུས་ལྡན་བྱས་ཡོད་པ་མ་ཟད། ད་དུང་གཙོ་གནད་ཐོག་ལིན་ཐན་རྫོང་གི་མང་ཚོགས་ཀྱིས་ཡིག་བསྐུར་ངོ་བཅར་དང་ཞུ་གཏུག་བརྒྱབ་པའི་འཛེར་སྒྲ་ཆེ་བའི་གནད་དོན་ལ་ཆེད་མངགས་བསྐྱར་བཤེར་བྱས་པ་བརྒྱུད། གྲོང་ཁུལ་གྱི་ཚོང་ཁང་ཁག་གིས་བཅོས་སྒྲིག་ལེགས་པོ་བྱས་པ་ཤེས་རྟོགས་བྱུང་ལ་ཆེད་དོན་བྱ་སྤྱོད་སྤེལ་བའི་ཉིན་ནས་བཟུང་འཛེར་སྒྲ་གྲགས་པའི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ་ཤེས་རྟོགས་བྱུང་ཡོད་པ་རེད།

ཆེད་དོན་བཅོས་སྒྲིག་བྱེད་རིང་། ཁུལ་ཡོངས་ཀྱིས་ཁྱོན་གྲོས་འདོན་ཡི་གེ3500ལྷག་ཙམ་སྤྲད་པ་དང་། འཛེར་སྒྲ་ཆུང་དུ་གཏོང་རྒྱུའི་ཁས་ལེན་ཡི་གེ520ལྷག་ཙམ་བཞག་པ། རོལ་དབྱངས་ཨར་ཁང་དང་། ཇ་ཁང་དང་ཟ་ཁང་། དེ་བཞིན་རིག་གནས་རོལ་རྩེད་ཁང56ལ་བཅོས་སྒྲིག་བྱེད་དགོས་པའི་བཀའ་རྒྱ་བཏང་བ། གླུ་གར་དང་སྤྲོ་སྐྱིད་ཁང་མང་དག་ཅིག་ལ་སྒོ་ཐེལ་བརྒྱབ་པ། སྒྲ་བརྙན་ཐོན་རྫས་དང་གློག་ཆས་སོགས་ཁྲོམ་གཞུང་གང་སར་མཐོང་རྒྱུ་ཡོད་པའི་སྒྲ་བརྙན་སྒྲིག་ཆས་བཟོ་མཁན90ལྷག་ཙམ་གཙང་སེལ་བཅོས་སྒྲིག་བྱས་པ། གཙོ་གནད་བཅོས་སྒྲིག་བྱ་ཡུལ་ཁོངས་སུ་བཅུག་པའི་KTVདང་ཨར་ཁང་སོགས་སྤྲོ་སྐྱིད་ཁང12ཚང་མ་བཅོས་སྒྲིག་བྱས་ཟིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།