ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་བསང་ཆུ་རྫོང་གིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་མ་དངུལ་འགྲེམ་གཏོང་གི་མཛད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་གཡང་འཛོམས་གཟན་ཆས་འདེབས་འཛུགས་ལས་སྣོན་གྱི་ཞིང་བའི་ཆེད་ལས་མཉམ་ལས་ཁང་དང་ཟླ་བ་གཡང་འཛོམས་ལུད་རྫས་ལས་སྣོན་ཉོ་ཚོང་ཚད་ཡོད་ཀུང་སི་གཉིས་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་མ་དངུལ་འགྲེམ་གཏོང་གི་མཛད་སྒོ་སྤེལ་བ་དང་། ཨ་མཆོག་གྲོང་རྡལ་གྱི་ཡིག་ཚགས་དང་བྱང་བུ་བསྐྲུན་ཡོད་པའི་དབུལ་ཕོངས་ཁྱིམ་ཚང24ལ་ཁྱིམ་ཚང་རེར་སྒོར6000དང་བསྡོམས་པས་སྒོར་ཁྲི14.4འགྲེམ་གཏོང་བྱས། ། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།