ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བོན་གྱི་དཔེ་རྙིང་གི་ཡུལ་དངོས་བརྟག་ཞིབ་དང་ཞིབ་བསྡུར་ཚོགས་འདུ་འབྲུག་ཆུར་འཚོགས་པ།

ཡོང་ཁུངས། : སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ     སྤེལ་དུས། : 2016-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས11་ནས་ཚེས15ཉིན་བར།   རྒྱལ་ཡོངས་བོན་གྱི་དཔེ་རྙིང་གི་ཡུལ་དངོས་བརྟག་ཞིབ་དང་ཞིབ་བསྡུར་ཚོགས་འདུ་འབྲུག་ཆུ་རྫོང་དུ་འཚོགས་པ་དང་། ཐེངས་འདིའི་བྱེད་སྒོ་ནི་ཀན་ལྷོ་ཁུལ་དཔེ་རྙིང་སྲུང་སྐྱོབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པ་དང་།   འབྲུག་ཆུ་རྫོང་བོན་གྱི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་སྲུང་སྐྱོབ་ཀྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་། ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་། ཀན་ལྷོ་ཉིན་རེའི་ཚགས་པར་ཁང་།     ཀན་ལྷོའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གྲྭ་བ་བཅས་ཀྱིས་སྒྲུབ་འགན་འཁུར་བ་རེད།     པེ་ཅིང་དང་། བོད་ལྗོངས།    མཚོ་སྔོན།    སི་ཁྲོན།     ཀན་སུའུ།    ཡུན་ནན་བཅས་ས་ཆ་ནས་གདན་ཞུས་ཡོང་པའི་རིགས་གཅིག་མཁས་ཅན་དང་མཁས་དབང20ལྷག་ཙམ་ཐེངས་འདིའི་བྱེད་སྒོའི་ནང་དུ་བཞུགས་ཡོད་པ་དང་། བྱེད་སྒོ་བསྡུས་པ་བརྒྱུད་ནས་བོན་གྱི་རིག་གནས་ཞིབ་འཇུག་ལ་གལ་ཆེན་པོའི་ཕན་ཐོབ་ཡོད་རྒྱུ་རེད།

wa_146889367588370.jpg

བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

ཚེས12 ཉིན་གྱི་ཞོགས་པའི་ཆུ་ཚོད8པར་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་ཀྱིས་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ནས་རླངས་འཁོར་དུ་བསྡད་ནས་འབྲུག་ཆུ་རྫོང་དུ་སོང་པ་དང་། ཕྱི་དྲོའི་ཆུ་ཚོད་6་པ་ཙམ་ལ་འབྲུག་ཆུ་རྫོང་མཁར་དུ་སླེབས་པ་རེད། ལམ་ཐག་ལ་སྤྱི་ལེ500 ཡས་མས་ཡོད་པ་དང་། ལམ་བར་དུ་ཀླུ་ཆུ་རྫོང་གི་ལྷ་མོ་དགོན་དུ་སོང་།    ལྷ་མོ་དགོན་ནས་འབྲུག་ཆུའི་འབབ་ཡུལ་བརྒྱུད་དེ་འབྲུག་ཆུ་རྫོང་མཁར་དུ་སླེབས་པ་དང་། འབྲུག་ཆུ་རྒྱུག་ཁུལ་གྱི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལ་ཉམས་སུ་མྱངས།ལམ་བར་ཐེ་བོ་རྫོང་གི་རྡོ་ར་ཤང་གི་སྟག་ཡུལ་གྲོང་ཚོའི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་ཧ་ཅང་ཟབ་མོ་ལྡན་པའི་དམངས་སྲོལ་རིག་གནས་ལ་ཉམས་ལེན་བྱས་པ་རེད།

wa_146889148034669.jpg

 རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐེ་བོ་རྫོང་སྟག་ཡུལ་གྲོང་སྡེ་རུ་ཡུལ་དངོས་ནས་བརྟག་ཞིབ་བྱེད་བཞིན་པ།

wa_146889156017388.jpg

 རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་འབྲུག་ཆུ་རྫོང་ལ་རྩེ་གྲོང་སྡེ་རུ་ཡུལ་དངོས་ནས་བརྟག་ཞིབ་བྱེད་བཞིན་པ།

ཚེས13 ཉིན་ནངས་ཟས་འཐུང་པའི་རྗེས་སུ། རིགས་གཅིག་མཁས་ཅན་དང་ཆེད་མཁས་རྣམས་ཀྱིས་ཡུས་ཅིང་མགྲོན་ཁང་དུ་འབྲུག་ཆུ་རྫོང་བོད་ཡུལ་ཤང་གི་སྔགས་པ་8་ཀྱིས་འགྲེམས་སྟོན་བྱེད་པའི་བོན་གྱི་དཔེ་རྙིང་དང་། ཆོས་ཆས་སོགས་ལ་ལྟ་བ་མ་ཟད།  སྔགས་པ་རྣམས་ལ་རིག་གནས་སྤེལ་རེས་བྱས་པ་རེད།   དེའི་མཇུག་བསྒྲིལ་བྱེད་པའི་རྗེས་སུ།རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སླར་ཡང་འབྲུག་ཆུ་རྫོང་འཕེན་ཏེན་ཤང་ལ་རྩེ་གྲོང་ཚོ་དང་ཧན་པན་ཤང་གསེར་བོ་གཤོང་གྲོང་ཚོའི་བོན་གྱི་དཔེ་རྙིང་དེ་ལ་ཡུལ་དངོས་ནས་བརྟག་ཞིབ་བྱས།ས་གནས་དེ་གའི་བོད་རིགས་གྲོང་མི་ཚོས་འཁྲབ་སྟོན་བྱས་པའི་གནའ་བོའི་དམག་རྦད་མཛད་སྒོ་ལ་ལྟད་མོ་ལྟ་བ་དང་། གསེར་བོ་གཤོང་གྲོང་ཚོ་དེ་ལ་སྲོལ་རྒྱུན་གྱི་ཆང་བསུ་མཛད་སྒོར་ཞུགས་ནས་ཉམས་སུ་མྱངས་ཐུབ་པ་རེད།

 wa_146889165818783.jpg

 རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོད་ཡུལ་གྲོང་སྡེས་ཉར་ཚགས་བྱས་པའི་བོན་གྱི་དཔེ་རྙིང་ལ་གཟིགས་བཞིན་པ།

   wa_146889170029962.jpg

ཆེད་མཁས་ཀྱིས་བོད་ཡུལ་ཤང་གི་སྔགས་པ་དང་རིག་གནས་སྤེལ་རེས་བྱེད་བཞིན་པ།

  wa_146889175171704.jpg

རིགས་གཅིག་མཁས་ཅན་དང་མཁས་དབང་ཁག་གཅིག་གིས་བོད་ཡུལ་ཤང་གི་སྔགས་པ8དང་མཉམ་དུ་པར་སྐྱོན་བཞིན་པ།

བོན་གྱི་དཔེ་རྙིང་དེ་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག ཚེས14 ཉིན་གྱི་སྔ་དྲོར་བཞུགས་མོལ་ཚོགས་འདུ་འཚོགས་ནས་པེ་ཅིང་དང་། བོད་ལྗོངས།མཚོ་སྔོན།སི་ཁྲོན།ཀན་སུའུ།ཡུན་ནན་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང11་གིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་པ་དང་།   རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་བོན་གྱི་དཔེ་རྙིང་གི་གལ་ཆེའི་རང་བཞིན་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ་བྱས་པའི་མཐོང་ཐོས་དེ་ལ་དམ་པོར་དམིགས་ཏེ་གཏམ་བཤད་བྱས་པ་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་རང་གིས་ལྟ་སྟངས་བཤད་པ་དང་།     གང་བསམ་དེ་གླེང་བ།    བརྩེ་དུང་ཇེ་ཟབ་ཏུ་གྱུར་ཡོད་པ་ལ།     ངོས་ཟིན་གཅིག་གྱུར་དང་ལྟ་ཚུལ་གཅིག་གྱུར་བྱུང་བ་རེད།

wa_146889190348166.jpg

 རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ཐེ་བོ་རྫོང་ལ་རྩེ་གྲོང་སྡེའི་བོད་མི་རྣམས་ཀྱིས་འཁྲབ་སྟོན་བྱས་པའི་གནའ་བོའི་དམག་རྦད་མཛད་སྒོ་ལ་གཟིགས་བཞིན་པ། 

                         wa_146889195498434.jpg

སྔགས་པས་ཆང་བསུ་མཛད་སྒོ་བྱས་ནས་མགྲོན་བསུ་བ།

              wa_146889200430755.jpg

སྔགས་པས་ཤིས་ཚིག་གནང་བཞིན་པ།

    wa_146889205062984.jpg

 སྔགས་པས་རིགས་གཅིག་མཁས་ཅན་དང་མཁས་དབང་དག་ལ་བོན་གྱི་དཔེ་རྙིང་ལ་འགྲེལ་བཤད་རྒྱག་བཞིན་པ།

                            wa_146889210167485.jpg

ཆེད་མཁས་ཀྱིས་ཞྭ་ནག་དང་པར་སྐྱོན་བཞིན་པ།

རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ངོས་འཛིན་པ་སྟེ།    ཀན་སུའུ་མངའ་ཁོངས་ནང་ཐང་ཁྲང་རྫོང་ནས་བོན་གྱི་དཔེ་རྙིང་རྙེད་པའི་རྗེས་སུ། འབྲུག་ཆུ་རྫོང་གི་ནང་ཚུན་ཏུ་སླར་ཡང་བོན་གྱི་དཔེ་རྙིང་འབོར་ཆེན་གསར་རྙེད་བྱུང་།     དེ་ལ་ད་བར་ཤེས་རྟོགས་བྱུང་བའི་བོན་གྱི་དཔེ་རྙིང་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཡིན་པ་ཞེས་བརྗོད་ཀྱང་ཆོག་པ་རེད།  ཕྱི་དྲོར་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་འབྲུག་ཆུ་བོད་ཀྱི་དམངས་སྲོལ་རྫས་ཆས་བཤམས་སྟོན་ཁང་དུ་འབྲུག་ཆུའི་ཐོན་སྐྱེད་དང་འཚོ་བ།      སྤྱི་ཚོགས་དང་རིག་གནས་སོགས་ཀྱི་འཕེལ་རྒྱས་བྱུང་པའི་གནས་ཚུལ་ལ་ལྟད་མོ་ལྟ་འགྲོ་བ་རེད།

              wa_146889224848501.jpg

 ཆེད་མཁས་ཀྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་བཞིན་པ།

                        wa_146889228482660.jpg

འབྲུག་ཆུ་རྫོང་རྫོང་དཔོན་གྱིས་གསུང་བཤད་གནང་བཞིན་པ།

                                        wa_146889232531305.jpg

 བགྲོ་གླེང་ཚོགས་འདུའི་ཡུལ་དངོས།

ཤེས་རྟོགས་བྱུང་བར་གཞིགས་ན། ཆ་ཚང་སྡོམ་རྩིས་བྱས་མེད་པའི་གྲངས་གཞིར་གཞིགས་ན།    ཐང་ཁྲང་རྫོང་ནས་བོན་གྱི་དཔེ་རྙིང་པོ་ཏི31དང་། བམ་པོ560།ཤོག་ངོས7100་རྙེད་པ་དང་།    ཀན་སུའུ་དང་མཚོ་སྔོན།སི་ཁྲོན་བཅས་ཞིང་ཆེན་ནས་བོན་གྱི་དཔེ་རྙིང་པོ་ཏི82དང་། བམ་པོ1500།ཤོག་ངོས9600་རྙེད་པ་དང་།     དེ་གཉིས་ཚང་མ་ཀན་སུའུ་རིག་གནས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་པ་རེད།   འབྲུག་ཆུ་རྫོང་དུ་བོན་གྱི་དཔེ་རྙིང་པོ་ཏི188 དང་། ཤོག་ངོས36000ལྷག་ཙམ་རྙེད་པ་སྟེ།གྲངས་འབོར་ཆེ་ཞིང་ཕུན་སུམ་ཚོགས་པ་དང་། ཉར་ཚགས་ཆ་ཚང་བ།    ནང་དོན་ཕུན་སུམ་ཚོགས་པ།པར་གཞི་སྤུས་ལེགས་པ།    དུས་ཡུན་རིང་བོར་རྒྱུན་འཛིན་པ།  དེ་ལ་ད་བར་དུ་སྔར་བྱུང་མྱོང་མེད་པའི་རྟོགས་པ་དེ་ཡིན་པ་ཅེས་བརྗོད་ཀྱང་ཆོག་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།