ཀྲུང་གོ་བོད་ཀྱི་དྲ་བ།

དངོས་བཤུས་གློག་བརྙན《གླིང་གེ་སར་རྒྱལ་པོའི་རྩྭ་ཐང་》ཞེས་པའི་ཕབ་སྐྲུན་ཚན་ཚུང་གི་བརྟག་དཔྱད་ཞིབ་འཇུག་རྨ་ཆུ་ནས་རྒྱལ་ཁའི་ངང་མཇུག་རྫོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས22ཉིན་ནས་ཚེས23ཉིན་གྱི་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་ཧྲང་ཧའེ་གྲོང་ཁྱེར་ཏང་ཨུའི་དྲིལ་སྒྲགས་པུའུ། མཚོ་སྔོན་རྒྱང་བསྒྲོགས་བརྙན་འཕྲིན་ཁང་བཅས་ཀྱིས་མཉམ་དུ་ཕབ་སྐྲུན་བྱས་པའི་བརྙན་འཕྲིན་རིག་གནས་དངོས་བཤུས་གློག་བརྙན་ཆེན་མོ《གླིང་གེ་སར་རྒྱལ་པོའི་རྩྭ་ཐང་》ཞེས་པའི་ཕབ་སྐྲུན་ཚན་ཚུང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་སོང་ནས་གེ་སར་དཀྲོལ་ལེན་དང་། དཀྲོལ་ལེན་སྒྱུ་རྩལ་མི་སྣ། གེ་སར་སྐོར་གྱི་ཤུལ་བཞག་རིག་དངོས་སོགས་ཕྱོགས་ཡོངས་ནས་ཕབ་སྐྲུན་བྱས་པ་དང་། དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་བྱ་བའི་མི་སྣ་རྣམས་ཀྱི་ཧུར་བརྩོན་རོགས་འདེགས་འོག་ཕབ་སྐྲུན་ཚན་ཆུང་གིས་ཉིན་གཉིས་རིང་བརྟག་དཔྱད་ཞིབ་འཇུག་དང་ཕབ་སྐྲུན་གྱི་བྱ་བ་ལེགས་འགྲུབ་བྱུང་བ་རེད།

༢.jpg

གེ་སར་དཀྲོལ་ལེན་ཚོགས་པ།

རྨ་ཆུ་ནི་གེ་སར་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པ་དང་གླིང་སྒྲུང་ནང་དུའང “རྨ་ཡུལ” དང་“རྨ་ཁུག་དང་པོ” “རྨ་སྨད་ཡུལ་ལུང་སུམ་མདོ “སོགས་དང་དམངས་སྲོལ་གྱི “གཉེན་སྟོན་གྱི་སྐོར་དང་། མནའ་ཚིག དམངས་གླུ བཤད་ལེན། གཏམ་དཔེ། ཆོས་ལུགས་ཀྱི་ཆོ་ག”སོགས་དང་འབྲེལ་ཡོད་ཤིན་ཏུ་མང་ལ། ལོ་རྒྱུས་སྙན་རྩོམ་རིང་མོ་དེ《གླིང་སྒྲུང་》ནང་དུ་བཀོད་པ་ལྟར་ན། གེ་སར་རྒྱལ་པོ་ཁོང་གི་ཨ་ཁུ་ཁྲོ་ཐུང་གིས་རྨ་ཆུར་རྒྱང་ཕུད་གཏོང་དུས་དགུང་ལོ་དྲུག་མ་གཏོགས་སོན་མེད་པ་དང་ཁོང་རྨ་ཆུར་ཐོན་རྗེས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་ཙི་གུའི་གནོད་འཚེ་འགོག་པ། ཚོང་ལམ་བཟོས་པ། ཐོན་ལས་འཕེལ་རྒྱས་སོགས་སུ་བཏང་ནས་རྨ་ཆུའི་མང་ཚོགས་རྣམས་ལ་ཕན་བདེ་རྒྱ་ཆེན་སྐྲུན་པ་རེད། ཁོང་གི་བདག་སྐྱོང་འོག་ཉེ་འགྲམ་གྱི་ས་ཆ་མང་པོ་རིམ་གྱིས་ཕྱུག་པོར་གྱུར་པ་དང་སྟོབས་ཤུགས་རྒྱས།  ཁོང་གིས་ད་དུང་དམངས་ལ་ཞབས་ཞུ་སྒྲིབ་པ་དང་རྒྱུ་འབྲས་མིག་ལྟར་སྲུང་ནས་རྟ་རྒྱུག་རྒྱལ་འཇོག་སྟེང་ཨང་དང་པོ་བླངས་ཏེ་རྒྱལ་པོར་བཞུགས། རྨ་ཆུའི་མང་ཚོགས་རྣམས་ཀྱིས་ཁོང་ལ་རྗེས་དྲན་བྱེད་ཆེད2004ལོ་ནས་བཟུང་ལོ་རེའི་ཟླ8པའི་ཚེས13ནས་ཚེས17ཉིན་གྱི་བར་མིང་ལ“གེ་སར”ཞེས་པའི་རྟ་རྒྱུག་འགྲན་བསྡུར་རྒྱ་ཆེན་པོ་ཞིག་སྤེལ་བཞིན་ཡོད་པ་རེད།

ཉེ་བའི་ལོ་འདི་འགར། རྨ་ཆུ་རྫོང་གིས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་ལ་ཤིན་ཏུ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་ལ་ཡོངས་ཁྱབ་ཀྱིས་ཞིབ་བཤེར་བྱས་པ་དང་རྒྱལ་ཁབ་རིམ་པ་དང་ཞིང་ཆེན(གྲོང་ཁྱེར)རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་མིང་བྱང་དུ་འཇོག་པར་སྙན་ཞུ་འབུལ་བ་སོགས་ཀྱི་བྱ་བ་སྒྲིབ་བཞིན་ཡོད། རྒྱུད་འཛིན་སྲུང་སྐྱོབ་ཀྱི་ལམ་ལུགས་འཛུགས་པ་དང་ཕྱི་ཕྱོགས་སུ་བསམ་བློ་བརྗེ་རེས་བྱེད་པ་སོགས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་དང་འབྲེལ་ཡོད་ཀྱི་བྱེད་ཐབས་སྣ་ཚོགས་སྤེལ་ཏེ་རྫོང་ཡོངས་ནས་ཀུན་གྱིས་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་བྱེད་པ་དང་གེ་སར་རིག་གནས་མཉམ་རོལ་བྱེད་པའི་རྣམ་པ་ཞིག་ཆགས་འདུག

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།