ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་བྱིས་གཉོར་ཁང་ལ་འགན་སྲུང་གི་རིན་པ་དང་སློབ་ཡོན་སྟེར་མི་དགོས་པར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2016-07-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་དཔྱིད་ཀའི་སློབ་འགོ་བརྩམས་རྗེས་ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་སློབ་སྔོན་བྱིས་གཉོར་ཁང་གི་བྱིས་པ5860ལ་འགན་སྲུང་གི་རིན་པ་དང་སློབ་ཡོན་ཐད་མ་དངུལ་སྒོར་ཁྲི294.91ཡིས་རོགས་སྐྱོར་བྱས་པ་དང་མིག་སྔར་འགན་སྲུང་གི་རིན་པ་དང་སློབ་ཡོན་གྱི་རོགས་སྐྱོར་མ་དངུལ་ཡོངས་རྫོགས་བྱིས་གཉོར་ཁང་གི་སློབ་གཙོའི་ལག་ཏུ་སྤྲད།

ད་ལོའི་ལོ་འགོ་རུ་ཞིང་ཆེན་ཨུ་ཡོན་དང་ཞིང་ཆེན་སྲིད་གཞུང་གིས་དཔྱིད་ཀའི་སློབ་འགོ་བརྩམས་པ་ནས་བཟུང་རྫོང་ཡོངས་ཀྱི་གཞུང་གཉེར་བྱིས་གཉོར་ཁང་དང་དམངས་གཉེར་བྱིས་གཉོར་ཁང་དུ་ཁྱིམ་ཐོ་ཀན་སུའུ་ཡིན་པའི་བྱིས་པ་རྣམས་ལ་འགན་སྲུང་གི་རིན་པ་དང་སློབ་ཡོན་སྟེར་མི་དགོས་པར་ཐག་བཅད། ཞིང་ཆེན་དང་གྲོང་ཁྱེར་གྱི་བཀོད་སྒྲིག་ལྟར་དཔའ་རིས་རྫོང་སློབ་གསོ་ཅུའུ་ཡིས་དོ་དམ་ཐད་སྔར་ལས་ལྷག་པར་ཤུགས་བསྣན་ནས་བྱིས་གཉོར་ཁང་ན་དངོས་སུ་ཡོད་པའི་སློབ་མའི་མི་གྲངས་གསལ་བོར་བྱས་པར་མ་ཟད་དུས་ལྟར་རོགས་སྐྱོར་མ་དངུལ་བྱིས་གཉོར་ཁང་གི་སློབ་གཙོའི་ལག་ཏུ་འགྲེམ་གཏོང་བྱས་པ་རེད།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།