ཀན་ལྷོའི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་རྣམས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་རྣམས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་ཡོད་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་སྒོའི་ཧེ་བག་རིམ་བཞིན་དུ་ཇེ་དམའ་རུ་སོང་བ་དང་ཡོང་སྒོའི་སྒོ་བཤའ་རྒྱག་སྟངས་ཀྱང་རིམ་བཞིན་དུ་ལུགས་མཐུན་དུ་སོང་ཡོད་པ་མ་ཟད། འཚོ་བའི་ཆུ་ཚད་ཀྱང་མངོན་གསལ་གྱིས་ཇེ་མཐོར་སོང་སྟེ་ཁྱོན་ཡོངས་ནས་འབྱོང་འབྲིང་སྤྱི་ཚོགས་འཛུགས་པར་རྨང་གཞི་བརྟན་པོ་བཏིངས།

“ལོ་ལྔའི་ཚན་བཅུ་གཉིས”སྐབས་སུ་ཀན་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་ལྡན་ལྟར་འཕེལ་རྒྱས་ལེགས་པོ་བྱུང་ཞིང་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་རྣམས་ཀྱི་ཡོང་སྒོ་བརྟན་འཇགས་ངང་འཕར་བ་དང་ཡོང་སྒོའི་གྲུབ་ཚུལ་ཀྱང་སྔར་ལས་ལྷག་པར་ལུགས་མཐུན་དུ་གྱུར་ཡོད། ལོ5རིང་ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་སྡོད་དམངས་རྣམས་ཀྱི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་སྒོ་བསྡོམས་པས་སྒོར6427ཇེ་མང་དུ་སོང་ཡོད་པ་དང་ལོ་རེའི་ཆ་སྙོམས་ཀྱི8.2%ཇེ་མཐོར་སོང་ནས་ཞིང་བ་རྣམས་ཀྱི་ཡོང་སྒོ་མི་རེའི་ཆ་སྙོམ་ཀྱིས་བཀོལ་སྤྱོད་ཆོག་པའི་སྒོར2345ཇེ་མང་དུ་སོང་ཡོད། ལོ་རེར་ཆ་སྙོམས་ཀྱི10.6%ཇེ་མཐོར་སོང་བས་ཞིང་བ་སྡོད་དམངས་རྣམས་ཀྱི་ཡོང་སྒོ་སྣ་མང་ཅན་དུ་གྲུབ་པ་མངོན་གསལ་རེད།

2015ལོར། ཀན་ལྷོ་ཁུལ་ཞིང་བ་སྡོད་དམངས་རྣམས་ཀྱི་ཡོང་སྒོའི་ཁྲོད་གླ་ཕོགས་རང་བཞིན་གྱི་ཡོང་སྒོས42.0%ཟིན་ལ2011ལོ་ལས11.1%ཇེ་མཐོར་སོང་འདུག ཞིང་བ་སྡོད་དམངས་རྣམས་ཀྱི་གླ་ཕོགས་རང་བཞིན་གྱི་ཡོང་སྒོ་དང་ཡོང་སྒོ་རྐྱང་བ་གཉིས་ཀྱི་བསྡུར་ཚད་མུ་མཐུད་དུ་ཇེ་མཐོར་སོང་ཞིང་། ཞིང་བ་རྣམས་ཕྱི་ལ་ཞོར་ལས་འགྲོ་བའི་ཧུར་བརྩོན་རང་བཞིན་ཇེ་མཐོ་དང་སྤྱི་ཚོགས་ཡོངས་ཀྱི་ལས་ཞུགས་བྱེད་ས་ཇེ་མང་དུ་སོང་བ་དང་།  རྒྱལ་ཁབ་ཀྱི་སྤོ་བསྒྱུར་རྩིས་ཞུ་སྲིད་ཇུས་ཀྱིས་ཞིང་འབྲོག་མང་ཚོགས་རྣམས་ཀྱི་ཡོང་སྒོ་འཕར་སྣོན་བྱུང་དུ་བཅུག་པ་མངོན་གསལ་ཡིན་པས། དེས་གྲོང་གསེབ་མི་དམངས་རྣམས་ཀྱི་ཡོང་སྒོའི་འབྱུང་ཁུངས་ཇེ་ཡངས་སུ་བཏང་།  དུས་མཚུངས་སུ་གྲོང་ཁྱེར་དང་གྲོང་གསེབ་མི་དམངས་རྣམས་ཀྱི་ཡོང་སྒོ་དང་དཔལ་འབྱོར་ཆུ་ཚད་གཉིས་དུས་མཉམ་དུ་འཕེལ་རྒྱས་བྱུང་ལ། ཧེ་བག་མུ་མཐུད་ངང་ཇེ་ཆུང་དུ་སོང་ཡོད་པས།  རྣམ་པ་གསར་བའི་འོག་མི་དམངས་མང་ཚོགས་རྣམས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྲོད་སྔར་ལས་ལྷག་པའི་ཕན་འབྲས་མྱོང་བཞིན་ཡོད། །

རྩོམ་སྒྲིག་པ། རྡོ་རྗེ་སྐྱིད།

དཔྱད་མཆན 0 ཡོད།