ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།འདི་ལོ་ཤར་ཚུན་ཀན་ལྷོའི་འབྲུག་ཆུ་རྫོང་གིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་བྱ་རྒྱུ་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ལས་དོན་གཙོ་བོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཤིང་། དེའི་རིང་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྲིད་ཇུས་དང་མ་དངུལ་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྫོང་དེ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་སྐྱོན་བྲལ་དང་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

2015ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྫོང་དེ་ཡོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་ཁྲོམ་རའི་ཚོང་དུད་བསྡོམས་གྲངས་5285ཟིན་པ་དང་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་26.98ཟིན་ཡོད་པ་རེད།

འབྲུག་ཆུ་རྫོང་གི་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ཁག་གིས་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་བརྒྱབ་ནས་སྤྱི་དབང་མིན་པའི་དཔལ་འབྱོར་སྐྱོན་བྲལ་དང་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་་ཞིང་། ཚོང་དོན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། མ་དངུལ་དང་སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་མ་ཟད། ད་དུང་ཚོང་རྟགས་དང་སྤུས་རྟགས་འཐབ་ཇུས་ལག་ལེན་བསྟར་ཤུགས་ཀྱང་ཆེ་རུ་བཏང་ཡོད་པ་རེད།

འགོ་ཁྲིད་ལས་བྱེད་པས་རོགས་སྐྱོར་ཁེ་ལས་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། སྤྱི་དབང་མིན་པའི་ཁེ་ལས་ལ་ཏང་འཛུགས་སྐྱོང་འཕེལ་རྒྱས་གཏོང་རོགས་བྱས་པ། རྫོང་གི་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་གི་ལས་དོན་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་ཁེ་ལས་སུ་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་པར་བསྐྱོད་པ། ན་གཞོན་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་10སྤྱི་དབང་མིན་པའི་ཁེ་ལས་སུ་ཏང་འཛུགས་སྐྱོང་ལ་ཁྲིད་སྟོན་པ་བྱེད་པར་མངགས་ནས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་གཡུལ་ས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ཡོད། གཞན་ཡང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྲིད་གཞུང་གི་དྲ་ཚིགས་དང་། སྐུད་ཡོད་བརྙན་འཕྲིན། སྐད་འཕྲིན་སོགས་ཀྱི་དྲིལ་བསྒྲགས་ནུས་པ་འདོན་སྤེལ་གང་ལེགས་བྱས་པའི་ཁར་ཁྲོམ་རར་རྒྱུན་དུ་སྐོར་ཞིབ་བྱེད་པར་སྐྱོད་པ་དང་ཁེ་ལས་ལ་འཚམས་ལན་ཞུ་བར་བསྐྱོད་པ་སོགས་ཀྱི་རྣམ་པའི་ཐོག་ནས། སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བྱེད་ཐབས་དྲིལ་བསྒྲགས་བྱས་ཏེ། ཁྲོམ་རའི་ཚོང་དུད་ཀྱི་གཟིགས་སྐྱོང་སྲིད་ཇུས་ཤེས་རྟོགས་བྱེད་ཚད་མཐོ་རུ་བཏང་ཡོད་པ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།