ཀན་སུའུ་ཀན་ལྷོ་ཀྲོའུ་ཡིས“ནན་གསུམ་དྲང་གསུམ། སྲོལ་བཟང་ཀན་ལྷོ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ཀན་སུའུ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2015ལོའི་ཟླ་12ཚེས་17ཉིན་གྱི་ཕྱི་དྲོ་ཀན་ལྷོ་ཀྲོའུ་སྒྲིག་ཨུད་དང་། ཀྲོའུ་ཨུད་རྩ་འཛུགས་པུའུ། ཀྲོའུ་ཨུད་དྲིལ་བསྒྲགས་པུའུ། གུང་གཞོན་སྡེ་ཚོགས་ཀན་ལྷོ་ཀྲོའུ་ཨུ་ལྷན་བཅས་ཀྱིས་མཉམ་དུ“ནན་གསུམ་དྲང་གསུམ། སྲོལ་བཟང་ཀན་ལྷོ”ཞེས་པའི་བརྗོད་དོན་གཙོ་བོའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་དེ་སྙན་ཞིང་འཇེབས་ལ་ཤུགས་དང་ལྡན་པའི་མཉམ་གཞས་ཆེན་པོ《རི་བོ་ཐའེ་ཧང་ཐོག》ཅེས་པའི་གླུ་སྒྲའི་ཁྲོད་འགོ་ཚུགས་ཤིང་། སྙན་ངག《སྲོལ་བཟང་ཀན་ལྷོར་བསྟོད》ཅེས་པ་གྱེར་འདོན་དང་། ཞབས་བྲོ《རེ་བ》ཞེས་པ་འཁྲབ་པ། གླུ་གར་ཞབས་བྲོ《རྒྱལ་ཁའི་གླུ་དབྱངས་ལེན། སྲོལ་བཟང་དར་སྤེལ་གཏོང》ཞེས་པ་གཏོང་བ་སོགས་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་གུང་ཁྲན་ཏང་མིའི་རང་གཤིས་ནམ་ཡང་གནས་པ་བྱས་ཡོད། སྤྱི་ཚོགས་ཀྱི་སྲོལ་ངན་ལ་སྐྱོན་བརྗོད་ཡོ་བསྲང་བྱེད་པའི་ལྐུགས་བརྡའི་ཟློས་གར《གྲོང་དཔོན་གྱིས་ཐམ་ཀ་བརྒྱབ་པ》ཞེས་པ་དང་སྤྱོད་གཙང་སྐོར་གླེང་བའི་དགོད་བྲོའི་གཏམ《སྤྱོད་གཙང་གླེང》སོགས་ཀྱི་ལེ་ཚན་གྱིས་འཁྲབ་སྟོན་དང་དགོད་བྲོ་བའི་ཚིག་གིས་ལྟད་མོ་བ་ཚོ་རྨོངས་གཉིད་ལས་བསླངས་པ་དང་། 《མང་ཚོགས་ལམ་ཕྱོགས་ཀྱི་སྤྱོད་ཚུལ་བཟང་པོ་ལག་ལེན་བསྟར་ནས་ནན་གསུམ་དྲང་གསུམ་གྱི་གཞོན་ནུ་གསར་པ་ཞིག་ཧུར་ཐག་བྱེད》ཅེས་པའི་གཏམ་བཤད་ལས་དུས་རབས་དཔེ་བཟང་གི་མི་སེམས་འགུལ་བའི་བྱས་རྗེས་ལ་བསྟོད་གླུ་ཕུལ་བ་བརྒྱུད། དེང་རབས་ཀྱི་ཏང་ཡོན་ལས་བྱེད་པའི་དམངས་ལ་བློ་དཀར་སེམས་དཀར་བྱེད་པའི་སྤྱི་ཞབས་པའི་གཟུགས་བརྙན་མངོན་ཡོད།

འཁྲབ་སྟོན་དེ་གླུ་གར་ཞབས་བྲོ《ངོ་མཚར་ཆེ་བའི་ཁྱིམ་གཞིས》ཞེས་པའི་ཁྲོད་མཇུག་འགྲིལ་བ་དང་། འཁྲབ་སྟོན་གྱི་བྱེད་སྒོ་སྤྱི་ཡོངས་གསར་གཏོད་དཔེ་གསར་དང་ལྟད་མོ་ཧ་ཅང་ཆེ་བས་ཀྲོའུ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པས“ནན་གསུམ་དྲང་གསུམ”ལག་བསྟར་བྱེད་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དད་སེམས་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ། ཡིན་མིན་གསལ་འབྱེད་དང་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ་དང་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། འཐབ་འཛིང་བྱེད་ཕོད་པ། དཀའ་སྒྲུབ་དངོས་སྒྲུབ། བྱས་རྗེས་འཇོག་པ་བཅས་ཀྱི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ཡོད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།