ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་ལྷོ་གྱི་ཏང་ཨུས་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་སློབ་གསོའི་བྱ་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད། བྱ་བ་བསྒྲུབ་ན་དམངས་སེམས་དང་བསྟུན་པར་བྱེད་པ་དང་བྱ་བ་བསྒྲུབ་ན་དམངས་སེམས་སྤྲོ་བ། དྲང་བདེན་གྱིས་དམངས་སེམས་འགུག་པ་བཅས་ཀྱི་བྱ་འགུལ་ སྤེལ་ཅིང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ལས་བྱེད་པའི་བྱ་བར་གཞོགས་འདེགས་དང་བརྩི་བཀུར་བྱས་ཏེ། བོད་ཁུལ་གྱི་གོང་འོག་ཚང་མར་སྔར་མེད་ཀྱི་ལས་བྱེད་པ་དང་མང་ ཚོགས་བར་དུ་འཆམ་མཐུན་རྣམ་པ་ཞིག་མངོན་ཡོད། དེའི་ཕྱིར། ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧའེ་ཡིས་འདི་ནི་ཁུལ་དང་ཏང་ཨུའི་གཟབ་ནན་གསུམ་དང་དངོས་གཉེར་གསུམ་གྱི་སློབ་གསོ་ལག་ལེན་བྱས་པ་དང་དུས་དང་རྣམ་པ་ཀུན་ཏུ་རང་འགུལ་གྱིས་བྱ་བ་བསྒྲུབ་པ།གཟབ་ནན་ གྱིས་ལས་བྱེད་པ་དང་མང་ཚོགས་བར་གྱི་འཆམ་མཐུན་གྱི་རྣམ་པ་བསྐྲུན་པའི་དགའ་འོས་པའི་ གྲུབ་འབྲས་རེད་ཟེར།

 ཀན་ལྷོ་ཁུལ་ཨུས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཐོན་ལས་གོ་སྐབས་དམ་འཛིན་དང་རིགས་སོ་སོའི་མི་དམངས་མང་ཚོགས་མཐུན་སྒྲིལ་ངང་སྣེ་ཁྲིད་དེ་ལས་དོན་བསྒྲུབ་པ་དང་འཛུགས་སྐྲུན་བྱེད་པ།འཕེལ་རྒྱས་ལ་བརྩོན་པ་བརྒྱུད་དེ། ལས་དོན་ལ་འབད་པ་བྱེད་ཕོད་པ་དང་བྱ་བའི་ཆེད་དུ་རང་སྲོག་བློས་གཏོང་ཐུབ་པའི་མི་སྐོར་ཞིག་བྱུང་ཞིང་། རྫོང་དང་ཞང་རིམ་པའི་གྲོང་བརྡལ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་མང་བོ་ཞིག་ལག་བསྟར་བྱས་ཤིང་། དེའི་ཁྲོད་དུ་གྲོང་ཁྱེར་འཛུགས་སྐྲུན་བཟོ་འགོད་དང་གནད་སའི་གྲོང་བརྡལ་གཞུང་ལམ་ལེགས་བཅོས་བྱེད་པའི་ལས་གཞི་དོན་བདུན་དང་མཁར་གྲོང་གི་སྦག་བཙོག་གད་སྙིགས་གཙང་སེལ་གྱི་ལས་གཞི་དྲུག་བཅས་ལག་བསྟར་བྱས། ད་སྔའི་བར་དུ། ཁུལ་ཡོངས་ཀྱི་གཞུང་ལམ་ཤར་བསྐྱོད་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ ལེ་བརྒྱད་སྟོང་ཡོད་ཤིང་། ཀན་ལྷོའི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་ཐད་འགན་སྲུང་བཟང་བོ་འདོན་སྤྲོད་བྱས་ཡོད།

 ཀན་ལྷོ་ཁུལ་ཨུས་དམངས་འཚོ་ལེགས་བཅོས་དང་འགན་སྲུང་རྒྱུན་འཁྱོངས་བྱ་རྒྱུ་དེ་བྱ་བ་ཡོངས་ཀྱི་འགོ་འཛུགས་ས་དང་མཇུག་བསྡུ་ས་རུ་བརྩིས་ཏེ།སེར་སྐྱ་མང་ཚོགས་ཀྱི་འཚོ་བའི་ ཆུ་ཚད་དང་བདེ་སྐྱིད་ཀྱི་དམིགས་ཚད་མུ་མཐུད་དུ་མཐོར་འདེགས་བཏང་། བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་གྱི་སྡེ་མི་ལྷ་མོ་ཚེ་རིང་ཚང་ལ་རིམ་པ་སོ་སོའི་ལས་བྱེད་པའི་རོགས་སྐྱོར་འོག སྡེ་བའི་ནང་དུ་མིང་ཡོད་པའི་བོད་ཕག་གསོ་སྤེལ་བྱེད་སའི་ཁྱིམ་ཚང་དུ་གྱུར་ཡོད།བྱེད་ཐབས་སྣ་མང་གི་རོགས་སྐྱོར་བྱ་སྤྱོད་ཀྱིས་ལྷ་མོ་ཚེ་རིང་ཕྱུག་འགྱུར་གྱི་ལམ་དུ་སོང་བའི་མི་ཚད། ད་རུང་སྔར་ལས་མང་བའི་རོང་འབྲོག་མང་ཚོགས་ཀྱང་དབུལ་ཐར་ཡོང་སུ་བཅུག2014ལོར། ཀན་ལྷོ་ཁུལ་གྱིས་སྒོར་དུང་ཕྱུར30གཅིག་གྱུར་འཆར་འགོད་བྱས་ཏེ། ཁྱོན་ཡོངས་ནས་ཞིང་ཆེན་དང་ཁུལ་གྱིས་གཏན་ལ་ཕབ་པའི་དམངས་ཀྱི་དོན་དངོས་ཉེར་བཞི་དངོས་འབེབས་བྱས་ཤིང་།རིགས་སོ་སོའི་རྒུད་སྐྱོབ་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་འབུམ་དྲུག་ཁྲི་བདུན་ལྷག་བྱིན་ཏེ། གནོད་ཐེབས་མང་ཚོགས་འབུམ་གཅིག་དང་ཁྲི་བཞི་ལྷག་ལ་རོགས་སྐྱོར་ཐོབ། ཉེ་བའི་ལོ་གསུམ་གྱི་རིང་རིམ་པ་སོ་སོའི་ཉིས་འབྲེལ་ལས་ཁུངས་ཀྱིས་རིམ་བསགས་སུ་མ་དངུལ་སྒོར་དུང་ཕྱུར་ཞེ་བརྒྱད་ལྷག་བཏང་ནས་དོན་དངོས་བྱ་བ་རིགས་ཁྲི་གཉིས་ལྷག་བསྒྲུབས། རོང་འབྲོག་སྡེའི་དབུལ་ཕོངས་མི་འབོར་དེ2011ལོའི་ཁྲི་ཉེར་བརྒྱད་ལྷག་ནས་ད་སྔའི་ཁྲི་བཅུ་གཉིས་ལྷག་ཏུ་ཇེ་ཉུང་དུ་སོང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། རིག་འཛིན།


འབྲེལ་ཡོད་རྩོམ་ཡིག

མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཀླུ་ཆུ་རྫོང་མཁར།

བླ་བྲང་དགོན་པའི་རིག་རྫས་སྲུང་སྐྱོང་ལས་གཞི་མགོ་ཚུགས་པ།

དཔའ་རིས་རྫོང་མི་རིགས་སློབ་འབྲིང་གིས་དགེ་རྒན་དུས་ཆེན་གྱི་བྱ་འགུལ་སྤེལ་བ།

འབྲོག་པ་མང་ཚོགས་ཀྱིས་ལས་རིགས་བརྗེ་ནས་ཚོང་ལས་གཉེར་བ།