ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དང་པོ་ནས་ཟླ་བཅུ་བའི་བར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་སྤྱིའི་མ་རྩ་སྒོར་ས་ཡ་ལྔ་གཏོང་རྒྱུའི་འཆར་གཞི་ཡོད་པའི་ལས་གཞི་དང་ས་ཁང་བདག་ཁོངས་ཐོན་ལས་གསར་སྤེལ་བཅས་བསྡོམས་པས་བརྟན་འཇགས་མ་རྩ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ས་ཡ་བདུན་བཏང་བར། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གསུམ་དང་གྲངས་ཆུང་གསུམ་འཕར་སྣོན་བྱུང་བ་དང་ཟླ་དང་པོ་ནས་ཟླ་དགུ་བའི་བར་གྱི་འཕར་ཚད་ལས་གྲངས་ཆུང་ལྔ་མཐོ་རུ་བཏང་བས་མ་རྩ་བཏང་ཚད་མགྱོགས་མྱུར་གྱིས་མཐོ་རུ་བཏང་། བརྟན་འཇགས་རྒྱུ་ནོར་ལ་མ་རྩ་གཏོང་བའི་ཁྲོད། སྤྱི་དབང་མིན་པའི་དཔལ་འབྱོར་ལམ་ལུགས་ལ་མ་རྩ་སྒོར་ཐེར་འབུམ་བཞི་དང་དུང་ཕྱུར་གཉིས་བྱེ་བ་དགུ་ས་ཡ་ལྔ་བཏང་བར་དུས་མཉམ་ལས་བརྒྱ་ཆའི་བཅུ་དྲུག་དང་གྲངས་ཆུང་བརྒྱད་འཕར།
ཟླ་བཅུ་བའི་ཟླ་མཇུག་བར།ཀན་ལྷོ་ཁུལ་ཡོངས་སུ་ཨར་ལས་ལས་གཞི་བསྡོམས་པས་དྲུག་བརྒྱ་དང་སོ་གསུམ་རྩ་འཛུགས་བྱས་པ་དེ་དུས་མཉམ་དང་བསྡུར་ན། ཁ་གྲངས་བརྒྱ་དང་ཉེར་དྲུག་ཇེ་མང་དུ་སོང་བ་དང་བརྒྱ་ཆའི་ཉེར་བཞི་དང་གྲངས་ཆུང་དགུ་འཕར་སྣོན་བྱུང་། དེའི་ཁྲོད་ལས་གཞི་སུམ་བརྒྱ་དང་དྲུག་ཅུ་རེ་ལྔ་གསར་དུ་ལས་འགོ་བཙུགས་པར་དུས་མཉམ་དང་བསྡུར་ན་ཁ་ གྲངས་དགུ་བཅུ་གོ་གཉིས་ཇེ་མང་དུ་སོང་བ་དང་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་བདུན་འཕར་སྣོན་བྱུང་། ཁུལ་ཡོངས་སུ་མ་རྩ་བཏང་བའི་ལས་གཞི་བཞི་བརྒྱ་དང་བཞི་ཡོད་པ་ལས་ཁ་གྲངས་བརྒྱ་དང་དོན་བདུན་ཇེ་མང་དུ་སོང་བ་དང་བརྒྱ་ཆའི་དོན་བརྒྱད་འཕར་སྣོན་བྱུང་། །
རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། མགོན་པོ།