ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་ལ་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་ཡོད། ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་གྱི་རིང་ཚད་ལ་སྤྱི་ལེ183.12ཡོད་པ་དང་། སྤྱིའི་མ་དངུལ་སྒོར་ཁྲི104.57དང་འཛུགས་སྐྲུན་དུས་ཡུན་ལོ་བཞི་དང་ཕྱེད་ཀ་ཡིན་ལ། བྱེད་ནུས་ནི་འགྲུལ་བ་དང་དངོས་ཟོག་སྐྱེལ་བའི་ས་གནས་ཀྱི་ལྕགས་ལམ་ཡིན།
ལན་ཀྲོའུ་ནས་གཙོས་བར་གྱི་ལྕགས་ལམ་དེ་ལན་ཀྲོའུ་གྲོང་ཁྱེར་ནས་འགོ་བརྩམས་ཏེ། ཀ་ཅུ་བརྒྱུད་ནས་ཀན་ལྷོ་ཁུལ་གྱི་གཙོས་གྲོང་ཁྱེར་བར་ལས་རྒྱུ་ཡིན་པ་དང་། ལམ་ཐོག་ཧྲིལ་བོར་ཡན་ཀོ་འགག་དང་ཡུང་ཅིན། ཀ་ཅུ། ཧོར་གཙང་ཤིང་སྒོ། ཆུ་སྔོན། མར་ཐང་། གཙོས་སོགས་འབབ་ཚིགས་བཅོ་ལྔ་བཀོད་སྒྲིག་བྱེད་འཆར་ཡོད། །
རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།