མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་ཉིན་མ་གྲོང་བརྡལ་གྱིས་དམངས་འཚོ་དམ་སྤེལ་དང་དབུལ་སྐྱོར་དོན་གཉེར་ལ་འབད་པ།

ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-11 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས །ཁུལ་ཡོངས་དང་རྫོང་ཡོངས་ཀྱི་འབྱོར་འབྲིང་མཉམ་སྤེལ་ཡོང་བ་མངོན་འགྱུར་ཡོང་ཆེད་དུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཉིན་མ་གྲོང་བརྡལ་ཏང་ཨུ་དང་སྲིད་གཞུང་གིས་དབུལ་སྐྱོར་བྱ་བར་སྲིད་ཇུས་ནན་སྟར་དང་བཀའ་བསྒོས་ཞིབ་སྟར་བྱས།

ཟླ་ལྔ་བ་ནས་བཟུང་སྒོ་བྱང་བཀལ་ནས་ལས་འཛིན་དང་ལས་སྣ་བཀོད་སྒྲིག་གིས་ཆ་འཕྲིན་ཕྱོགས་བསྡུ་དང་དབུལ་སྐྱོར་ཡིག་ཚགས་ཞིབ་མོ་མ་ལག་ཏུ་བཅུག་ནས་དབུར་སྐྱོར་བྱ་བའི་སྒྲིག་རིམ་ཚད་ལྡན་དུ་བཏང་། ནོར་སྲིད་ལས་གཞི་ལས་ཞོལ་མ་སྡེ་བའི་སྡེ་ཁྱབ་དབུལ་ཐར་རྣམ་གྲངས་སྒོར་ཁྲི་150བཏང་ནས་དངུལ་རའི་ལུག་570ནང་འདྲེན་བྱས་པ་དང་། དྲོད་ཁང་52དང་ན་རྩྭ་མུའུ་550བཏབ། གསོ་སྤེལ་ལས་རིགས་བུན་ཆག་བསྐྱི་དངུལ་སྒོར་ཁྲི་25། མཉམ་འབྲེལ་གཉིས་ཀྱི་བུན་ཆག་བསྐྱི་དངུལ་སྒོར་ཁྲི་160བརྩོན་ལེན་བྱས། མཉམ་ལས་ཁང་ཁང་གི་བུན་ཆག་བསྐྱི་དངུལ་སྒོར་ཁྲི་2000། རྫོང་གནས་སྐོར་ཅུས་ནས་མ་དངུལ་སྒོར་ཁྲི་10བཏང་ནས་ཞོལ་མ་སྡེ་བར་སྤྲོ་སེང་ར་བ་གཉིས་ལག་བསྟར་བྱས། རྫོང་ཕྱུགས་ལས་ཅུས་ནས་ས་མུའུ་3840ཡོད་པའི་དྲོད་ཁང་6ལས་བ་དང་། ཁྲོམ་5་དང་མ་མོ་140ཉོས་བར་བསྡོམས་པས་སྒོར་ཁྲི་22བཏང་། རྫོང་འགྲིམ་འགྲུལ་ཅུས་ནས་ས་དཀར་སྡེ་བ་དང་ཞོལ་མ་སྡེ་བ།གོང་མ་སྡེ་བ།བར་མ་སྡེ་བ་བཅས་ལ་སྡེ་ལམ་4ལག་སྟར་བྱས་ནས་འགྲུབ་ལ་ཉེ་བ་དང་།རྫོང་ཆུ་གློག་ཅུས་ནས་དོང་ཆུའི་ཆུ་མིག་13བཏོན། རྫོང་དབུལ་སྐྱོར་ལས་ཁུངས་ཀྱི་ཁྱིམ་ཚང་དབུལ་བོ་24ལ་གནས་སྤོ་ལས་གཞི་དངོས་སུ་ལག་སྟར་བྱེད་ཀྱི་ཡོད།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག