མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་གནས་སྐོར་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཇེ་མཐོར་བཏང་བ།

ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-11 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལོ་ངོ་འདི་དག་ལ་ཀྲུང་གོའི་རྟ་རྒྱུགས་ཀྱི་ཕ་ས་དང་ཡ་གླིང་གི་རྩྭ་ས་དང་པོ། གེ་སར་དར་ཡུལ།རྨ་ཁུགས་ལ་བོའི་ཕ་ས། ཨ་མདོའི་རྡུང་ལེན་གྱི་ཕ་ས་སོགས་ཀྱི་གནས་སྐོར་ཚོང་རྟགས་ཀྱི་སྙན་གྲགས་ཕྱོགས་ཕྱོགས་སུ་སྤེལ་བའི་བྱ་བ་དམ་པོར་གཉེར་བ་དང་མཉམ་དུ། གནས་སྐོར་ལྗོངས་རྒྱུའི་རྨང་གཞིའི་སྒྲིག་ཆས་དང་དོ་དམ་ཞབས་ཞུ་སོགས་ཀྱི་ཐད་དུ་ནུས་པ་གལ་ཆེན་བཏོན།

ད་ལོར་ཀྲུང་གོའི་ཤམ་བྷ་ལ་བཞིན་ལྟ་ན་སྡུག་པའི་རྨ་ཆུ་རྫོང་གེ་སར་རྟ་རྒྱུགས་འགྲན་ཚོགས་ཆེན་པོ་སྐབས་བརྒྱད་པ་དང་རྨ་ཁུགས་ལ་བོ་དང་བོད་ལུག་བོད་གཡག་གི་འགྲན་གཤིབ་ཆེན་མོ་སྐབས་གསུམ་པའི་གོ་སྐབས་དང་བསྟུན་ནས་རྒྱ་ཆེར་དྲིལ་སྒྲོགས་དང་སྤྱི་སྒྲོགས་སོགས་ཀྱི་བྱེད་ཐབས་སྤྱད་ནས་གནས་སྐོར་ལྗོངས་རྒྱུ་ལ་ཤུགས་བསྣན་པ་དང་།རྫོང་གནས་སྐོར་ལྗོངས་རྒྱུ་ཞབས་ཞུ་ལྟེ་གནས་བཙུགས་ཏེ་གསོལ་མགྲོན་དང་ཞབས་ཞུ་སྲི་དོན་སྣ་མང་ཅན་གྱི་སྨྱན་བྱེད་སྤྱད་ནས། ཀྲུང་གོའི་གནས་སྐོར་ཚོགས་པ་དང་།གསེར་བྱེ་གནས་སྐོར་ཚོགས་པ། དར་གོས་ཚོང་ལམ་གནས་སྐོར་ཚོགས་པ།ཁང་ཧུའེ་གནས་སྐོར་ཚོགས་པ་སོགས་ཀྱི་ལྗོངས་རྒྱུའི་ལམ་ཐིགས་བེད་སྤྱད་ནས་སྔར་བས་ཁྱབ་སྤེལ་བཏང་། ད་ལོའི་རྟ་རྒྱུགས་འགྲན་ཚོགས་དུས་ཆེན་དུ་བརྒྱ་ཆའི་བདུན་ཅུ་ཡན་གྱི་མགྲོན་ཁང་དུ་འགྲོན་པོ་ཡོད་ཅིང་།ལོ་ཧྲིལ་བོར་རྒྱལ་ནང་གི་གནས་སྐོར་བ་མི་གྲངས་ཁྲི་26.68དུ་སླེབས་པ་དང་། དེ་ན་ནིང་ལས་25.35%འཕར་ཡོད། གནས་སྐོར་ཕྱོགས་ཡོངས་ཡོང་འབབ་སྒོར་12752.19རུ་སླེབས་པ་དང་། ན་ནིང་གི་དུས་མཉམ་ལས་30.28%འཕར་ཡོད། །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག