མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གི་བློ་བཟང་ཐུབ་བསྟན་གྱིས་ཀན་སུའུ་ཞིང་ཆེན་དབང་བོ་སྐྱོན་ཅན་པའི་ལུས་རྩལ་བྱ་འགུལ་སྐབས་དགུ་བ་དང་ཨོ་ལིན་ཕེ་ཁུ་དམིགས་བསལ་ལུས་རྩལ་བྱ་འགུལ་སྐབས་གསུམ་པའི་སྟེང་དུ་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་པ།

ཚེ་དོན།  ཡོང་ཁུངས། རྨ་་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-11 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་དབང་སྐྱོན་ལྷན་ཚོགས་དང་། ཞིང་ཆེན་ལུས་རྩལ་ཅུས། ཞིང་ཆེན་དབང་སྐྱོན་ལུས་རྩལ་ལྷན་ཚོགས་གསུམ་གྱིས་གཙོ་སྒྲུབས་བྱས་པའི་ཀན་སུའུ་ཞིང་ཆེན་དབང་བོ་སྐྱོན་ཅན་པའི་ལུས་རྩལ་བྱ་འགུལ་སྐབས་དགུ་བ་དང་ཨོ་ལིན་ཕེ་ཁུ་དམིགས་བསལ་ལུས་རྩལ་བྱ་འགུལ་སྐབས་གསུམ་པ་དེ་པེ་དབྱིན་ནས་བསྡུས་བ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གི་བློ་བཟང་ཐུབ་བསྟན་གྱིས་ལུས་རྩལ་བྱ་འགུལ་སྟེང་དུ་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས།

བློ་བཟང་ཐུབ་བསྟན་ནི་སྨད་མ་ཤང་གི་དབང་པོ་སྐྱོན་ཅན་གྱི་འབྲོག་པ་ཞིག་ཡིན་པ་དང་། ཆུང་དུས་ནས་ལུས་རྩལ་ལ་དགའ་ཡང་ཁོར་ཡུག་དང་ལུས་ཕུང་གིས་རྐྱེན་གྱིས་རྒྱུན་ལྡན་གྱི་སྦྱོང་བརྡར་བྱེད་ཐབས་མེད་ཀྱང་། རང་ཉིད་ཀྱི་ཕུགས་འདུན་དུས་ནམ་ཡང་གློད་མ་མྱོང་བས་ལུས་རྩལ་བྱ་འགུལ་རབ་དང་རིམ་པའི་ནང་དུ་ཞུགས་ཀྱི་ཡོད། 2014ལོར་རྫོང་དབང་སྐྱོན་ལས་ཁུངས་དང་གུང་གཞོན་ཚོགས་པས་ཁུལ་དབང་སྐྱོན་ལུས་རྩལ་བའི་ནང་དུ་བཅུག་ནས་གཅིག་བསྡུས་ཀྱིས་སྦྱོང་བརྡར་བྱེད་པའི་གོ་སྐབས་ཐོབ། 2006ལོའི་ཟླ་6པར། ཞིང་ཆེན་དབང་སྐྱོན་ལུས་རྩལ་སྐབས་བདུན་པའི་ལུས་རྩལ་འགྲན་ཚོགས་ཀྱི་སྟེང་དུ་རང་ཉིད་ཀྱི་ནུས་པ་ལ་བརྟེན་ནསB1ཅན་གྱི་ཞ་ལྒང་མུས་8.18ཅན་དང་ལྕགས་གོར་མུས་25.75། འཕེན་མདུང་མུས་27.9ཅན་བཅས་ཀྱི་གྲུབ་འབྲས་ཀྱིས་གསེར་གྱི་རྟགས་མ་གསུམ་བླངས་མཐར་ཞིང་ཆེན་ལུས་རྩལ་ཀུན་སྤྱོད་ཀྱི་བྱ་དགའ་ཐོབ།

  2014ལོའི་ཟླ་8པར། བློ་བཟང་ཐུབ་བསྟན་ཡང་སྐྱར་པེ་དབྱིན་ནས་བསྡུས་བའི་ཀན་སུའུ་ཞིང་ཆེན་དབང་བོ་སྐྱོན་ཅན་པའི་ལུས་རྩལ་བྱ་འགུལ་སྐབས་དགུ་བ་དང་ཨོ་ལིན་ཕེ་ཁུ་དམིགས་བསལ་ལུས་རྩལ་བྱ་འགུལ་སྐབས་གསུམ་པར་ཞུགས་ནསF11རིམ་པའི་ཞ་ལྒང་འགྲན་སྡུར་གྱི་ཨང་དང་པོ་དངF11རིམ་པའི་ལྕགས་གོར་འགྲན་སྡུར་གྱི་ཨང་གཉིས་པ་བླངས་བས། རྫོང་རྒྱང་སྒྲོགས་བརྙན་འཕྲིན་ཅུས་ནས་ཆེད་དུ་ཁོ་ལ་དམངས་སྒོར5000ཡི་སྐུལ་མ་བྱས་ཤིང་ལུས་རྩལ་ལམ་བུ་ནས་ནམ་ཡང་འབད་པ་ལྷོད་མེད་བྱས་པར་རྟིང་སྐུལ་བྱས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག