མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་དབང་བོ་སྐྱོན་ཅན་མི་450ལ་དབུལ་སྐྱོར་སྒོར་ཁྲི་64.8གནང་སྦྱིན་བྱས།

ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-10 15:52

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་རྫོང་ཡོངས་ཀྱི་དབང་བོ་སྐྱོན་ཅན་གྱི་མི450གྱི་རྒྱུན་ལྡན་གྱི་འཚོ་བ་ཇེ་ལེགས་དང་ཏང་གི་བརྩེ་སེམས་མཚོན་པའི་རོགས་སྐྱོར་སྒོར་མོ་ཁྲི64.8ཀྱི་གནང་སྦྱིན་བྱ་བ་དངོས་སུ་ལག་བསྟར་བྱས། ད་ལོ་ནས་བཟུང་།རྨ་ཆུ་རྫོང་གིས་དབང་བོ་སྐྱོན་ཅན་གྱི་མི་དཀའ་ཁག་ཅན་གྱི་འཚོ་བའི་རོགས་དངུལ་ལོ་རེར་སྒོར་840ནས་སྒོར་1440རུ་བསྟད་ནས་འཚོ་བའི་མཐུན་རྐྱེན་གང་ལེགས་ཤིག་སྐྲུན་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་མེད་པ་དང་ཁྲིམས་གཏན་གཉོར་མི་མེད་པ། འཚོ་བའི་འགྲོ་ཁུངས་མེད་པ། རྒན་སྐྱོང་ཁང་དུ་འགྲོ་མི་ཐུབ་བཅས་ཀྱི་དབང་པོ་སྐྱོན་པ་ཚོར་མཚོན་ན་རོགས་དངུལ་འདི་དག་ཤིན་ཏུ་ནས་ཀྱང་གལ་ཆེ་ལ་འཚོ་བ་རོལ་བའི་རྒྱུ་སྤུས་དང་ཐད་ཀར་དུ་འབྲེལ་བ་ཡོད་པའི་དམངས་ཕན་སྲིད་ཇུས་གལ་ཆེན་ཞིག་ཏུ་གྱུར་འདུག  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག