མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་དགོན་པའི་སྤྱི་བའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་བ།

ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-10 15:52

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་དགོན་སྡེའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་དེ་ཆོས་ལུགས་དོ་དམ་གསར་འཛུགས་ཀྱི་བྱ་བ་གལ་ཆེན་ཅིག་ཏུ་བཟུང་ནས། ལས་གཞི་བརྩོན་ལེན་དང་དགོན་པའི་མཐའ་ས་ཁཨར་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་དམ་དུ་བཏང་ཞིང་། རྒྱ་ཆེའི་གྲྭ་བཙུན་གྱི་དཀའ་ལས་སེལ་ཅིང་དོན་བཟང་སྒྲུབས།

   ཉེ་བའི་ལོ་གཉིས་ཀྱིས་རིང་ལ་དགོན་པ་དང་འབྲེལ་བའི་བསྡོམས་པས་མ་དངུལ་སྒོར་ཁྲི7700གཅིག་ཏུ་བསྡུས་ནས། རྫོང་ཡོངས་ཀྱི་ཆུ་གློག་ལམ་གསུམ་དང་། རང་བྱུང་གནོད་འགོག་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཉེན་ཁང་སྐྱར་གསོ་དང་ཐོ་ཐེམ་གསར་འགོད་སོགས་ཕྱོགས་ཀུན་ལ་འཛུགས་སྐྲུན་གྱི་ཤུགས་བསྣན། རྫོང་མཁར་སྐྲུན་ནུས་ནས་སྒོར་ཁྲི250བཏང་ནས་རྫོང་ཡོངས་ཀྱི་དགོན་པ11གི་བྱ་འགུལ་ཁང་གསར་དུ་ལས་བ་དང་། རྫོང་ཆོས་ལུགས་ཅུ་དང་ནོར་སྲིད་ཅུས་ནས་དགོན་པའི་དོ་དམ་ལས་དངུལ་ནོར་སྲིད་སྔོན་རྩིས་སུ་བཀོད་དེ། ལོ་རེར་དགོན་པའི་དོ་དམ་བྱ་བའི་ལས་དངུལ་སྒོར་ཁྲི33བཀོད་སྒྲིག་བྱེད་ཀྱི་ཡོད་པ་དང་། གཞུང་སྒྲུབ་འགྲོ་སོང་དང་འགྲིམ་འགྲུལ་ཁ་གསབ་སྒོར་ཁྲི11བཀོད་སྒྲིག་བྱས་ཡོད། རྫོང་དམངས་སྲིད་ཅུས་ནས་གྲྭ་བ1775སྨན་སྲུང་དང་འཚོ་འགན་གྱི་ནང་དུ་བླངས་ནས་ལོ་རེར་ཆེས་དམའི་འགན་དངུལ་སྒོར་ཁྲི177.3བཀྲམས་ལ། རྫོང་ནོར་སྲིད་ཅུས་དང་ཆོས་ལུགས་ཅུས་ཀྱིས་ཆ་རྐྱེན་དང་འཚམ་པའི་གྲྭ་བ་མི1468ལ་ལོ་རེར་སྒོར་ཁྲི267གྱི་རོགས་དངུལ་གནང་ཡོད། གཞན་ཡང་ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་དང་སྲིད་ཇུས་ལག་སྟར་གྱི་དགོས་མཁོ་ལྟར་དུ། དགོན་པའི་ཆ་འཕྲིན་དོ་དམ་མ་ལག་གསར་འཛུགས་ཀྱིས་གྲྭ་བའི་དཔང་རྟགས་དང་བླ་མའི་དཔང་རྟགས1177ལས་པ་དང་། དགོན་པ་སོ་སོརདགོན་པ་དོ་དམ་གཞུང་སྒྲུབ་ཁང11གསར་ཏུ་བཙུགས་ནས་བྱ་བའི་སྒྲིག་གཞི་དང་འགན་ནུས་ཞིབ་བགོས་བྱས། སྒོར་ཁྲི103གྱི་བྱ་བའི་འགྲོ་དངུལ་བཏང་ནས་དགོན་པའི་དོ་དམ་གཞུང་སྒྲུབས་ཁང་དག་གི་བྱ་བ་འཁོར་སྐྱོད་ཐུབ་པར་བྱས་པ་དང་ལས་བྱེད་མི་སྣ43བསྡུས་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་གནས་བྱ་བ་སྒྲུབས་ཐུབ་པའི་ལས་བྱེད་དཔུང་ཁག་གསར་ཏུ་བཙུགས།  །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག