མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་འགན་འཁུར་གཉིས་ལག་སྟར་ནན་མོ་བྱས་ཏེ་སྲིད་གཙང་འཛུགས་སྐྲུན་དམ་པོར་བཏང་བ།

ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-11-10 15:52

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་འགོ་ཁྲིད་ཀྱི་ཉེན་སྐུལ་ཚོགས་འདུ་བསྡུས་པ་དང་། ཚོགས་ཐོག་ཏུ། རྫོང་ཡོངས་ཀྱི་ཤང་གྲོང་སོ་སོ་དང་སྡེ་ཁག་སོ་སོ་ནས་ངེས་པར་ཏུ་ཏང་རྣམ་སྲིད་གཙང་བྱ་བའི་འགན་འཁུར་དང་ལག་སྟར་དེ་ཆབ་སྲིད་བྱ་བ་ཡོངས་ཀྱི་གཙོ་གནད་དུ་བཟུང་ནས། ཏང་ཨུའི་གཙོ་ཤུགས་ནུས་པ་དང་སྒྲིག་ཨུའི་ལྟ་རྟོག་ནུས་པ་ལག་སྟར་ནན་མོ། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་ཀྱི་འགན་ནུས་ལག་སྟར་དང་སྲིད་གཙང་སྲིད་གཉེར་གྱི་འགྲིག་ལམ་དམ་འཛིན་གྱི་རུལ་སུངས་སྔོན་འགོག་དང་ཉེན་བརྡ་རྒྱུན་གཏོང་གི་སྒོ་ནས་མི་མངོན་པའི་ཉེན་གནས་མེད་པར་གཏོང་དགོས་ཞེས་བསྟན།

    ཏང་ཨུའི་གཙོ་འགན་ལག་སྟར་ནན་མོ་བྱེད་པ། རིམ་པ་དང་སྡེ་ཁག་སོ་སོའི་ཏང་རྩ་འཛུགས་ཀྱིས་རྨ་ཆུ་རྫོང་གི་ཏང་རྣམ་སྲིད་གཙང་འཛུགས་སྐྲུན་གཙོ་འགན་ལག་སྟར་བྱེད་ཐབས་ལྟར་ཏུ། ཏང་རྣམ་འཛུགས་སྐྲུན་དང་སྲིད་གཙང་འཛུགས་སྐྲུན། རུལ་སུངས་ངོ་རྒོལ་འཛུགས་སྐྲུན་གྱི་སྣེ་ཁྲིད་པ་དང་ལག་སྟར་པ། སྐུལ་འདེད་པ་བཅས་བྱས་ནས་བྱ་བ་འདི་དཔལ་འབྱོར་སྤྱི་ཚོགས་དང་ཏང་གི་འཛུགས་སྐྲུན་གྱི་སྤྱི་ཁོག་ཏུ་འཇུག་དགོས། ནན་ཏན་གྱི་སྒོ་ནས་གཙོ་གནད་གསུམ་དང་ཆེ་བ་གཅིག ཐད་ཀར་ཏུ་དོ་དམ་མི་བྱེད་པ་བཞི་བཅས་ཀྱི་སྲིད་གཙང་དོན་ཚན་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་སྟར་བྱེད་དགོས།གྱོད་གཞི་ཆེན་པོ་བྱུང་ཡོད་པའི་ལས་ཁུངས་ལ་དམིགས་བཀར་གྱིས་གྱོད་གཅིག་རྩད་གཉིས་ཀྱི་བྱེད་ཐབས་ལག་སྟར་བྱེད་དགོས་པ་མ་ཟད། དོ་དག་ལ་རྩད་གཅོད་དང་མཉམ་དུ་འབྲེལ་ཡོད་ལས་བྱེད་འགོ་ཁྲིད་ལ་ཡང་རྩད་གཅོད་ནན་མོ་བྱས་ནས་ལམ་ལུགས་ཅན་དང་གོ་རིམ་ཅན། རྒྱུན་རྣམ་ཅན་དུ་སྒྱུར་དགོས་ཞེས་བསྟན། སྒྲིག་ཨུའི་ལྟ་རྟོག་འགན་འཁུར་ལག་སྟར་ནན་མོ་བྱེད་དགོས། རིམ་པ་སོ་སོའི་སྒྲིག་ཨུའི་ཚོ་ཆུང་གིས་སྒྱུར་བ་གསུམ་གྱི་རེ་འདུན་ལྟར་ཏུ། གཙོ་འགན་གཅིག་བསྡུས་ཀྱི་སྒོ་ནས་ཏང་རྣམ་སྲིད་གཙང་འཛུགས་སྐྲུན་གྱི་ལྟ་རྟོག་འགན་འཁུར་ལག་སྟར་བྱེདཔ་དང་། བྱ་བའི་རྩ་འཛུགས་ལེགས་སྒྲིག་དང་། སྒྲིག་གཞི་ཞིབ་བཤེར།ཏང་ནང་ལྟ་རྟོག བྱ་སྤྱོད་ཞིབ་བཤེར། ཉེན་སྐུལ་སློབ་གསོ།གྱོད་གཞི་རྩད་གཅོད།ལམ་ལུགས་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ཀྱི་བྱ་བ་དག་ནན་མོ་འཛིན་རྒྱུ། སྟག་དང་འབུ་ནག་མཉམ་གསོད་ཀྱི་རེ་འདུན་ལྟར་ཏུ།ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ལམ་ཐག་གཅོད་དོན་ཚན་དང་ཏང་ནང་ལྟ་རྟོག་དོན་ཚན་སོགས་ཀྱི་གཏན་འབེབས་ལྟར། ལྟ་རྟོག་ཤུགས་ཚད་ཇེ་ཆེ་དང་རུལ་སུངས་ཁྲིམས་གཅོད་ནན་མོ།གཞུང་རྒྱུ་སྒེར་སྤྱོད།རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་གལ་ཆེན་ལག་སྟར་བྱེད་པ་མི་འདང་བ།སྲིད་གཙང་དོན་ཚན་མི་བརྩི་བ།ལས་གཞི་འཛུགས་སྐྲུན་དང་དམངས་འཚོའི་མ་དངུལ་ལྐོག་སྤྱོད་དང་བཙན་འགོག་བྱེད་པ་སོགས་ལ་རྡུང་རྡེག་དང་སྒྲིག་ཁྲིམས་ནན་གཅོད་བྱེད་དགོས།རིམ་པ་སོ་སོའི་སྒྲིག་ཞིབ་ལས་བྱེད་པ་རྣམས་ཀྱིས་རང་རྒྱུད་ཀྱི་མི་དཔེ་དྲུག་དང་སྣེ་ཁྲིད་དྲུག མི་ཆོག་པ་བརྒྱད་སོགས་ཀྱི་བླང་བྱ་ལག་སྟར་ནན་མོ་བྱེད་ནས་རང་ལུས་རང་འདོམས་དང་རང་ཉིད་རང་རྟོགས་ཀྱི་འདུ་ཤེས་ཇེ་བརྟན་དུ་བཏང་ནས་རྫོང་ཡོངས་ཀྱི་ཏང་སྲིད་གཙང་འཛུགས་ཀྱི་བྱ་བའི་ཕྱོགས་སོ་སོ་སྒྲུབས་པར་འགན་ཁུར་ནན་དུ་འཁུར་དགོས་བར་བསྟན་པ་མ་ཟད།ཚོགས་ཐོག་ཏུ་སྲིད་གཙང་ཉེན་སྐུལ་སློབ་གསོའི་སྨྱན་སྤྱད་བཀོལ་ནས་རྒྱ་ཆེའི་ལས་བྱེད་ཏང་ཡོན་གྱི་རུལ་སུངས་ངོ་རྒོལ་གྱི་ཆོད་སེམས་སྔར་བས་ཇེ་བརྟན་དུ་བཏང་།   །

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག