མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྒྱལ་སྟོན་དུས་ཆེན་གྱི་རྫོགས་ལྡན་དུས་སྐབས་སུ་ཀན་ལྷོ་ཁུལ་གྱི་ཡུལ་སྐོར་མི་གྲངས་དང་ཡོང་སྒོ་གཉིས་འཕར་བྱུང་བ།

རིན་ཆེན་སྐྱིད།  ཡོང་ཁུངས། ཀན་ལྷོ་རྒྱང་བསྒྲགས་བརྙན་འཕྲིན་ཁ  2014-10-18 11:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྟོན་དུས་ཆེན་གྱི་རྫོགས་ལྡན་དུས་སྐབས་སུ་རང་ཁུལ་ལ་ཡུལ་སྐོར་གྱི་མཐོ་རླབས་འཕྱུར་ཞིང་། ཡུལ་སྐོར་མི་གྲངས་དང་ཡོང་སྒོ་གཉིས་འཕར་བྱུང་བ། རྒྱལ་སྟོན་དུས་ཆེན་གྱི་རྫོགས་ལྡན་དུས་སྐབས་སུ། ཀན་ལྷོ་ཁུལ་གྱི་མཛེས་ལྗོངས་ས་གནས་སོ་སོར་ཚོང་བྲིན་པའི་རྣམ་པ་མངོན་ཞིང་། ཡུལ་སྐོར་ཡོང་འབབ་འཕར་སྣོན་ཆེས་ཆེན་པོ་བྱུང་བ་དང་། བསྡོམས་པས་ཡུལ་སྐོར་བ་མི་ཐེངས་འབུམ་གཅིག་དང་ཁྲི་བཞི་ཉིས་བརྒྱ་སྣེ་ལེན་བྱས་ཤིང་། དུས་མཉམ་ལས་བརྒྱ་ཆའི་བཅུ་བདུན་དང་གྲངས་ཆུང་བཞི་ལྔ་འཕར་ལ། ཡུལ་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་བྱེ་བ་དྲུག་ར་ས་ཡ་གཅིག་འབུམ་བཞི་ལྷག་མངོནའགྱུར་བྱུང་བར། དུས་མཉམ་ལས་བརྒྱ་ཆའི་བཞི་དང་གྲངས་ཆུང་དྲུག་བཞི་འཕར་ཡོད། དེའི་ནང་དུ། རང་ཁུལ་གྱི་གནད་སའི་མཛེས་ལྗོངས་ཁུལ་བསང་ཆུ་རྫོང་བླ་བྲང་དགོན་པས་ཡུལ་སྐོར་བ་ མི་ཐེངས་ཁྲི2.15སྣེ་ལེན་བྱས་པ་དང་། ལིན་ཐན་རྫོང་ཡེ་ལིན་ཀོན་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་བཞི་སྟོང་གཉིས་ར་དགུ་བརྒྱ་སྣེ་ལེན་བྱས། ཀླུ་ཆུའི་ལྷ་མོ་དགོན་པས་ཡུལ་སྐོར་ བ་མི་ཐེངས་སྟོང་བདུན་ར་བཞི་བརྒྱ་ལྷག་སྣེ་ལེན་བྱས།

རྒྱལ་སྟོན་དུས་ཆེན་གྱི་རྫོགས་ལྡན་དུས་སྐབས་སུ་རང་ཁུལ་གྱི་ཡུལ་སྐོར་ཚོང་ར་ནི་རང་གིས་རླངས་འཁོར་སྐོར་ནས་ཡུལ་སྐོར་ཡོང་བ་གཙོ་བོར་བྱེད་པའི་ཡུལ་སྐོར་བ་མང་བོ་དེ་ལན་ ཀྲོའུ་དང་ཞི་ཨན་དང་དབྱིན་ཁྲོན་སི་ཁྲོན། ཁྲུང་ཆིན་སོགས་ས་གནས་གཙོ་བོར་བྱས། དེའི་སྐབས་སུ། ཁུལ་ཡོངས་ཀྱི་ཡུལ་སྐོར་ཚོང་ར་བདག་སྐྱོང་དང་། འགྲིམ་འགྲུལ་འཁོར་ཚུལ། ཡུལ་ སྐོར་ཐོན་རྫས་མཁོ་འདོན་རྒྱུན་ལྡན་ཡིན་པས། ཡུལ་སྐོར་བདེ་འཇགས་ཀྱི་ཆག་སྒོ་བྱུང་ མེད་པ་དང་། ཡུལ་སྐོར་གཏུག་བཤེར་གཅིག་ཀྱང་མེད་པ་རེད།  །

 

རྩོམ་སྒྲིག་པ། བསམ་གྲུབ།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག