མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱིས་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང་ཁྲི1ལྷག་གི་ཁྱིམ་མི་ཁྲི3་ལྷག་གཙང་བཤེར་བྱས་པ།

རྩོམ་པ་པོ། ཚེ་རིང་རྡོ་རྗེ།  ཡོང་ཁུངས། ཀན་ལྷོ་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།  2014-10-01 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞང་གྲོང་གི་མ་མཐའི་འཚོ་རྟེན་འགན་སྲུང་ཐོབ་ཚུལ་རྒྱུ་འབྲས་མིན་པའི་གནད་དོན་ལ་གཟས་ནས། ཁྱིམ་དུ་ཉུལ་ནས་བརྟག་ཞིབ་དང་ཡུལ་དངོས་ནས་འདྲི་གཅོད་སོགས་ཀྱི་བྱེད་ཐབས་སྤྱད་དེ། མ་མཐའི་འཚོ་རྟེན་འགན་སྲུང་ཐོབ་མི་འོས་པར་ཐོབ་པ་དང་། ཐོབ་དགོས་པར་མ་ཐོབ་པ་སོགས་ཀྱི་གནད་དོན་གཙང་བཤེར་ནན་མོ་བྱས་རྗེས། ཁུལ་ཡོངས་ནས་འགན་སྲུང་ཆ་རྐྱེན་དང་མི་འཚམ་པའི་འགན་སྲུང་མི་སྣ་ཁྲི3ལྷག་གཙང་བཤེར་བྱས།

ད་ལྟའི་བར་དུ། ཁུལ་ཡོངས་སུ་ཆ་རྐྱེན་དང་མི་འཚམ་པའི་ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང10893དང་། འགན་སྲུང་བྱས་པའི་མི་ཁྲི29495ཡོད་པ་ཚང་མ་མེད་པར་བཏང་ཞིང་། ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་8914དང་མི་29624གསར་དུ་བསྣན་པ། ཁུལ་ཡོངས་ནས་ཆ་རྐྱེན་དང་མི་འཚམ་པའི་མཁར་གྲོང་གི་མ་མཐའི་འཚོ་རྟེན་འགན་སྲུང་ཁྱིམ་ཚང1001དང་། མི1821མེད་པར་བཏང་སྟེ། ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་680དང་མི་1179གསར་དུ་བསྣན་པ་མ་ཟད། དེའི་ཁྲོད་ནས་ཁྲིམས་འགལ་སྒྲིག་འགལ་གྱི་མི་སྣ3རྩད་ཆོད་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག