མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་གྱི་ཤུགས་ཆེན་པོས་གནས་སྐོར་མཛེས་ལྗོངས་ཁུལ20གསར་འཛུགས་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-09-19 11:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མ་འོངས་པའི་ལོ་དྲུག་གི་རིང་། ཀན་སུའུ་ཞིང་ཆེན་གྱིས་མཛེས་ལྗོངས་ཁུལ20གསར་འཛུགས་བྱེད་པ་གཙོ་གནད་དུ་བཟུང་སྟེ། དར་གོས་ཚོང་ལམ་རིག་གནས་གནས་སྐོར་དཔལ་འབྱོར་ཁུལ་ཀན་སུའུ་ལམ་ཐིག་བཙུགས་ནས་གནས་སྐོར་ཐོན་ལས་སྤོ་བསྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་རྒྱུ་རེད།

ཀན་སུའུ་ཞིང་ཆེན་གནས་སྐོར་ཅུའུ་ཡིས་འགོ་ཁྲིད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གསན་སྐོར་ལས་རིགས་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་འགའ་ལག་བསྟར་བྱེད་པའི་སྐོར་གྱི་བསམ་འཆར་བཟོས་པ་དང་། ཀན་སུའུ་ཞིང་ཆེན་གནས་སྐོར་དཔལ་འབྱོར་འཕར་ཚད་དེ་རྒྱལ་ཡོངས་གནས་སྐོར་ཆ་སྙོམས་ཆུ་ཚད་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་ལས་མགྱོགས་ཞིང་། གནས་སྐོར་མི་གྲངས་དང་གནས་སྐོར་སྤྱིའི་ཡོང་སྒོ་ལོ་རེར་ཆ་སྙོམས་ཀྱིས20%ཡན་འཕར་ཡོད། 2020ལོར་སླེབས་དུས། ཤང་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་གནས་སྐོར་བྱེད་ཚད་ཐེངས3.5ཡན་ལ་སླེབས་ཐུབ་པ་དང་། གནས་སྐོར་ལས་རིགས་ཀྱི་འཕར་བའི་རིན་ཐང་གིས་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་སྤྱིའི་རིན་ཐང་གི་བསྡུར་ཚད་ཁྲོད5%ཟིན་རྒྱུ་ཡིན་ལ། གནས་སྐོར་ལས་རིགས་དེ་འཐབ་ཇུས་རང་བཞིན་གྱི་གཙོ་ཁྲིད་ཐོན་ལས་ཞིག་ཏུ་འགྱུར་རྒྱུ་རེད།

འཆར་འགོད་ལ་གཞིགས་ན། ད་ལོ་ནས་བཟུང་སྟེ2020ལོའི་བར་དུ་ཀན་སུའུ་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་ནུས་ཤུགས་གཅིག་ཏུ་སྒྲིལ་ནས་ཤུགས་ཆེན་པོས་མཛེས་ལྗོངས་ཁུལ་ཆེན་མོ20གསར་འཛུགས་བྱེད་རྒྱུ་རེད། ཀན་སུའུ་ཞིང་ཆེན་གནས་སྐོར་ཅུའུ་ཡི་ཅུའུ་ཀྲང་ཧི་ཝེ་ཡིས་བཤད་རྒྱུར། མཛེས་ལྗོངས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པ་བརྒྱུད་སྔར་ལས་ལྷག་པའི་སྒོ་ནས་ཀན་སུའུ་ཞིང་ཆེན་དེ་ལོ་རྒྱུས་དང་རིག་གནས། རི་ཆུ། ཡུལ་སྲོལ་བཅས་ལ་རོལ་མྱོང་བྱེད་པའི་གནས་སྐོར་བྱེད་ཡུལ་ཞིག་ཏུ་བསྒྱུར་རྒྱུ་ཡིན་ཟེར།

2013ལོར། ཀན་སུའུ་ཞིང་ཆེན་གྱིས་སྣེ་ལེན་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་དུང་ཕྱུར1ལས་ཐོལ་བརྒལ་བྱུང་བ་དང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར620.2མངོན་འགྱུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག