ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ལིན་ཐན་རྫོང་གིས་ཧུར་བརྩོན་གྱིས་རིགས་སོ་སོའི་སྣ་ཚོགས་ཀྱི་དངུལ་རྩའི་ཡོ་བྱད་ཟུང་འབྲེལ་གྱི་སྣ་མང་ཅན་གྱི་དངུལ་རྩའི་ཐབས་ལམ་འཚོལ་ཞིབ་བྱས་ནས། དངུལ་རྩའི་ཞབས་ཞུ་ཇེ་མཐོར་བཏང་བས་དུས་ཚིགས་དང་པོའི་དངུལ་རྩའི་འཁོར་རྒྱུག་གནས་ཚུལ་ཅུང་བཟང་། རིགས་སྣ་ཚོགས་ཀྱི་དངུལ་འཇོག་བརྟན་བརླིང་ངང་འཕར་བ་དང་དུས་ངེས་མེད་ཀྱི་གསོག་དངུལ་ཅན་གྱི་ཁྱད་ཆོས་མངོན་གསལ་རེད། དུས་ཚིགས་དང་བོའི་དངུལ་རྩའི་སྒྲིག་གཞིའི་མི་ དམངས་ཤོག་སྒོར་རིགས་སྣ་ཚོགས་ཀྱི་གསོག་འཇོག་ལྷག་དངུལ་སྒོར་དུང་ཕྱུར་24.56ཡོད་པར་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར3.43འཕར་སྣོན་བྱུང་ཞིང་།དུས་མཉམ་ལས13.39%འཕར། དངུལ་བསྐྱིའི་འཕར་སྣོན་ཅུང་མགྱོགས་པ་དང་ཡིད་རྟོན་དངུལ་བུན་གྱི་གཏོང་འཇོག་ཅུང་གཅིག་བསྡུས་རེད། ཟླ་3པའི་ཟླ་མཇུག་བར་དུ། རྫོང་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་རིགས་སོ་སོའི་དངུལ་བསྐྱིས་ལྷག་གྲངས་སྒོར་དུང་ཕྱུར14.38ཡོད་པར་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར4.42འཕར་བ་དང་། དུས་མཉམ་ལས་43.49%འཕར། དུས་ཚོད་རིང་འབྲིང་གི་དངུལ་བསྐྱི་དང་དུས་ཐུང་དངུལ་བསྐྱིའི་དུས་བཅད་སྒྲིག་གཞི་མུ་མཐུད་དུ་ལུགས་མཐུན་དུ་སོང་བ་དང་། མི་སྒེར་གྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བསྐྱི་དངུལ་བརྟན་བརླིང་ངང་འཕར། དངུལ་རྩའི་ལས་ཁུངས་སྣ་ཚོགས་ཀྱི་དུས་ཚོད་རིང་འབྲིང་གི་དངུལ་བསྐྱིས་ལྷག་གྲངས་སྒོར་དུང་ཕྱུར4.84ཡོད་པར་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར0.04ཇེ་ཉུང་དུ་སོང་བ་དང་། དུས་ཐུང་དངུལ་བསྐྱིས་ལྷག་གྲངས་སྒོར་དུང་ཕྱུར9.53ཡོད་པར་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར4.47འཕར་བ། གསར་སྣོན་དངུལ་བསྐྱི་ཚང་མའི་ཁྲོད་དུས་ཚོད་རིང་འབྲིང་གི་དངུལ་བསྐྱིའི་བསྡུར་ཚད་དེ33.38%ཡིན་པ་དང་། མི་སྒེར་གྱི་ཚོང་གཉེར་རང་བཞིན་གྱི་དངུལ་བསྐྱི་སྒོར་དུང་ཕྱུར1.0ཡོད་པ། གཏན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བསྐྱིས་དངུལ་གྱི་ལྷག་གྲངས་སྒོར་དུང་ཕྱུར0.79ཇེ་ཉུང་དུ་སོང་། །