ཟླ7པའི་ཚེས16ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་དོ་འར་ཤང་ཐེ་ལུ་འོད་སྡེ་བར་མེ་སྐྱོན་བྱུང་བ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས16ཉིན་གྱི་དུས་ཚོད17ཡས་མས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་གི་བོད་རིགས་སྡེ་བ་ཞིག་ལ་མེ་སྐྱོན་ཤོར་ནས་ཁྱིམ་ཚང45ལ་གནོད་སྐྱོན་ཐེབས། མེ་གསོད་སྡེ་ཁག་གིས་མཚན་གང་བོར་རོགས་སྐྱོར་བྱས་པ་བརྒྱུད། ཚེས17ཉིན་གྱི་དུས་ཚོད7དང་སྐར་མ30ཡས་མས་སུ་མེ་སྐྱོན་སེལ་ཡོད།
ཐེ་བོ་རྫོང་སྲིད་གཞུང་གི་མཚམས་སྦྱོར་བྱས་པ་ལྟར་ན། ཚེས16ཉིན་གྱི་དུས་ཚོད17ཡས་མས་སུ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐེ་བོ་རྫོང་དོ་འར་ཤང་ཐེ་ལུ་འོད་སྡེ་བར་མེ་སྐྱོན་ཤོར་བ་དང་། མིག་སྔར་ཁྱིམ་ཚང45དང་མི201ལ་གནོད་སྐྱོན་ཐེབས་པ་དང་། གཞན་ཡང་ཁྱིམ་ཚང25མེ་གསོད་འགོག་རགས་བཟོ་བའི་ཁྲོད་ཞིག་སྐྱོན་ཐེབས། ཐེ་ལུ་འོད་སྡེ་བར་བསྡོམས་པས་ཁྱིམ་ཚང73ཡོད་པ་དང་མེ་སྐྱོན་བྱུང་རྗེས་སྡེ་བ་ཡོངས་ཀྱི་ཁྱིམ་ཚང3མ་གཏོགས་ལུས་མེད། །
ཟླ7པའི་ཚེས16ཉིན། དྲག་ཆས་ཉེན་རྟོག་ཀན་སུའུ་ནགས་ཚལ་སྤྱི་ཁྱབ་དམག་དཔུང་ཐེ་བོ་རུ་ཆེན་གྱི་དཔོན་དམག་གིས་སྡེ་དམངས་དང་མཉམ་དུ་ཡུལ་དངོས་སུ་མེ་སྐྱོན་སེལ་བཞིན་པ།
ཟླ7པའི་ཚེས16ཉིན། དྲག་ཆས་ཉེན་རྟོག་ཀན་སུའུ་ནགས་ཚལ་སྤྱི་ཁྱབ་དམག་དཔུང་ཐེ་བོ་རུ་ཆེན་གྱི་དཔོན་དམག་གིས་མེ་སྐྱོན་ཡུལ་དངོས་ནས་མེ་གསོད་པར་གྲ་སྒྲིག་བྱེད་བཞིན་པ།