ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་མུ་མཐུད་དུ་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་བྱ་བའི་གོ་རིམ་ཚད་ལྡན་དུ་བཏང་སྟེ། ཞིང་བའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དངོས་འབེབས་གང་ལེགས་བྱས། ལོ་སྟོད་ལ། བསྡོམས་པས་རིགས་སོ་སོའི་ཞིང་བའི་གཟིགས་སྐྱོང་ཁ་གསབ་མ་དངུལ་སྒོར་ཁྲི19836.48བཏང་ཡོད།
དཔའ་རིས་རྫོང་གིས“ཁྱབ་བསྒྲགས་དང་བདེན་དྲང་། སྤྱི་སྙོམས”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞིང་བའི་གཟིགས་སྐྱོང་ཁ་གསབ་མ་དངུལ་ལ་ཚན་རིག་གིས་དོ་དམ་བྱེད་པར་ཤུགས་བསྣན་ནས་ནོར་སྲིད་དང་ཞིང་ལས་འབྲེལ་ཡོད་སྡེ་ཁག དངུལ་རྩ་སྡེ་ཁག་བཅས་ཀྱིས་མཉམ་འབྲེལ་སྒོས་མ་དངུལ་དངོས་འབེབས་བྱེད་པའི་བྱ་བའི་ལམ་ལུགས་བཙུགས་པ་དང་། ཞིང་བའི་གཟིགས་སྐྱོང་ལས་གཞི་དངོས་འབེབས་དང་སྲིད་ཇུས་ཁྱབ་བསྒྲགས་ལ་དྲིལ་སྒྲོག་བྱེད་པ། མ་དངུལ་སྟེར་བ་ཁྱབ་བསྒྲགས་བྱེད་པ། འཁོར་སྐྱོད་ལམ་ལུགས་ཚད་ལྡན་དུ་གཏོང་བའི་བྱ་བའི་ཐབས་ལམ་ལ་གཞིགས་ནས། ནན་ཏན་སྒོས་ཞིང་བའི་གཟིགས་སྐྱོང་མ་དངུལ་དངོས་འབེབས་གནས་ཚུལ་གྱི་ཟླ་རེའི་སྙན་ཞུ་འབུལ་བའི་ལམ་ལུགས་ལག་བསྟར་བྱས་པས། ཞིང་བའི་གཟིགས་སྐྱོང་མ་དངུལ་ལ་ཕན་ནུས་ལྡན་པའི་སྒོ་ནས་ལྟ་སྐུལ་དང་བདེ་འཇགས་ངང་འཁོར་སྐྱོད། བདེན་དྲང་ངང་སྟེར་བར་ཁག་ཐེག་བྱས་ཡོད། །