མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་ཚེས18ཉིན་གཟབ་རྒྱས་ངང་ཚོགས་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-07-18 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ནས་ཚེས20ཉིན། ཀྲུང་གོའི་ཁ་དོག་སྣ་དགུའི་ཀན་ལྷོའི་ཤམ་བྷ་ལ་སྒྱུ་རྩལ་དུས་ཆེན་སྐབས་བཅོ་ལྔ་པ·ཅོ་ནེའི་ཡུལ་སྲོལ་གོམས་འདྲིས་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་ཅོ་ནེའི་རྒྱལ་སྤྱིའི་སྒེར་འཁོར་གཏོང་བའི་རབ་དགའི་རོལ་རྩེད་དུས་ཆེན་སྐབས་དང་པོ་དེ་ལྟ་ན་སྡུག་པའི་ཅོ་ནེའི་དག་ཡིག་ཁོག་ཏུ་གཟབ་རྒྱས་ངང་ཚོགས་རྒྱུ་ཡིན་པ་དང་། ཐེངས་འདིའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི་ཅོ་ནེ་གསར་དུ་རྟོགས་པ་དང་དག་ཡིག་ཁོག་ལ་ལྟ་བ་ཞེས་པ་དེ་ཡིན་པ་རེད།

ཅོ་ནེ་ནི་རྒྱ་བོད་རིག་གནས་གཉིས་ཀྱི་འདྲེས་མཚམས་སུ་ཡོད་ལ་རི་མཐོ་ས་གཙང་དང་དམངས་སྲོལ་ཐུན་མོང་མ་ཡིན་པས་གནའ་ནས་ད་བར་སྐད་གྲགས་ཆོད་པའི་ཐའོ་ཡན་གྱི་འབྱུང་ཁུངས་ཡིན་ཞིང་། སྒྱུ་རྩལ་དུས་ཆེན་རིང་སྨི་ངོས་གྲུ་ཁྲི་ཕྲག་ཡོད་པའི་རྩྭ་ཐང་གིས་ཡུལ་སྐོར་བ་ཚོར་སྒར་ས་མཁོ་འདོན་བྱས་ནས་རང་བྱུང་ཁམས་ཆེན་པོ་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་། དགོང་མོར་གློག་བརྙན་ལྟ་བ་དང་བསྲེགས་ཟས་ཟ་བ། ཅོ་ནེའི་དམངས་ཁྲོད་སྒྱུ་རྩལ་པ་ཚོས་ས་གནས་དེ་གའི་མི་སེར་དང་མཉམ་དུ་མི་ཆིག་སྟོང་ཟིན་པའི་སྐོར་བྲོ་འཁྲབ་པ་བཅས་བྱ་རྒྱུ་ཡིན་པ་རེད། གཞན་ཡང་ཐེངས་འདིའི་བྱེད་སྒོའི་བཀྲག་མདངས་འཚེར་ས་ཞིག་ནི་ཡུལ་སྐོར་བ་ཚོར་ཅོ་ནེར་ཡུལ་སྐོར་བྱེད་ཞོར་དུ་སྤྱི་ཕན་བསྒྲུབ་རྒྱུའི་གྲོས་འགོ་འདོན་རྒྱུ་ཡིན་པའི་ནང་གཙོ་བོ་ཅོ་ནེར་ཡོང་དུས་དེབ་སྤྱི་རྒྱ་གཅིག་ཁུར་ནས་ཡོང་བ་དང་། ཕྱིར་ལོག་དུས་གད་སྙིགས་སྤྱི་རྒྱ་གཅིག་ཁྱེར་ནས་འགྲོ་རྒྱུ་དང་ཅོ་ནེའི་གྲོགས་པོ་ཆུང་ཆུང་ཞིག་གི་ཕུགས་བསམ་བསྒྲུབ་པ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་དེ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག