མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

དཔའ་རུས་རྫོང་གིས་ཤུགས་ཆེན་པོས་ནགས་ལས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-17 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་ཀན་སུའུ་ཞིང་ཆེན་དཔའ་རུས་བོད་རིགས་རང་སྐྱོང་རྫོང་གིས་ཤུགས་ཆེན་པོས་རྒུམ་འབྲུམ་འདེབས་འཛུགས་ཐོན་ལས་ལ་སྐུལ་འདེད་བཏང་ནས། ལོ་སྟོད་ལ་རྫོང་ཡོངས་སུ་རྒུམ་འབྲུམ་མུའུ900འདེབས་འཛུགས་བྱས་ཤིང་དེས་འཆར་བཀོད་ལས་འགན་གྱི81.8%ཟིན་ཞིང་། ཧུར་བརྩོན་གྱིས་སྡོང་ཕྲུག་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། སྡོང་ཕྲུག་མུའུ4000གསོ་སྐྱོང་བྱས་ཏེ་དེས་ལས་འགན་གྱི118%ཟིན་ཡོད།

དཔའ་རིས་རྫོང་གིས་ཤུགས་ཆེན་པོས་ནགས་ལས་ལག་རྩལ་ཞབས་ཞུ་དང་ཚན་རྩལ་རོགས་འདེགས་གཉིས་ལ་ཤུགས་བསྣན་ཏེ། ནགས་ལས་ལག་རྩལ་མི་སྣ་སྐོང་འཐེན་བྱས་ཏེ་ལག་རྩལ་མཛུབ་སྟོན་དང་རྗེས་འདེབས་ཞབས་ཞུ་སྤེལ་ཏེ། གཅིག་བསྡུས་ཀྱིས་གཞུང་ལུགས་གསོ་སྦྱོང་འཛིན་གྲྭ་ཐེངས21ལ་སྤེལ་བ་དང་། ཡུལ་དངོས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་ཐེངས19ལ་སྤེལ་ཡོད། མུ་མཐུད་དུ་དཔའ་རིས་རྫོང་གི་མཐོ་སྒང་སྡོང་ཕྲུག་དང་སིལ་ཏོག་འདེབས་འཛུགས་བྱེད་པའི་ཕན་ནུས་མཐོ་བའི་གསོ་སྦྱོང་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་བྱས་ཏེ་འདེབས་འཛུགས་ལག་རྩལ་ཁྱབ་གདལ་དང་ཚད་ལྡན་ཅན་དུ་བསྒྱུར། མུ་མཐུད་དུ་སྡོང་ཕྲུག་གསབ་སྐྱོང་དང་རིགས་སྣ་གསར་བ་གསོ་སྐྱོང་། ཆུ་གྲོན་གསོ་སྐྱོང་སོགས་ཀྱི་ལག་རྩལ་སྤེལ་ནས་དཔེ་སྟོན་རྟེན་གཞི་ཚད་ལྡན་ཅན་གྱི་ར་བ་ཁུལ་དུ་བསྒྱུར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག