མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་སྐབས་གསུམ་པ་ཟླ་བརྒྱད་པར་སྤེལ་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-07-16 10:46

ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་སྐབས་གསུམ་པ་ཟླ་བརྒྱད་པར་སྤེལ་རྒ

ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་སྐབས་གསུམ་པ་ཟླ་བརྒྱད་པར་སྤེལ་རྒྱུ་ཡིན་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་སྐོར་བྲོ་མཐུན་ཚོགས་ཀྱིས་གཏན་འཁེལ་བྱས་པ་ལྟར་ན། 2014ལོའི་ཟླ8པའི་ཚེས6ནས་ཚེས10བར། སྐོར་བྲོ་འགྲན་བསྡུར་སྐབས་གསུམ་པ་དང་ཤིང་སློང་དུས་ཆེན་གྱི་བྱ་འགུལ་དེ་ཀླུ་ཆུའི་རྩྭ་ཐང་དུ་སྤེལ་རྒྱུ་རེད།

    སྐོར་བྲོ་ནི་རྩྭ་ཐང་གི་དམངས་སྲོལ་རིག་གནས་མཚོན་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཞིང་། དེ་ལས་ཕུན་སུམ་ཚོགས་པའི་བོད་ཀྱི་བྲོ་གར་རིག་གནས་མངོན་པ་མ་ཟད། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཁྱབ་སྒྲོག་དང་མི་རིགས་ཀྱི་འཚོ་བའི་རྣམ་པ་ངོམས་པའི་དམིགས་བསལ་འཁྲབ་རྩལ་གྱི་རྣམ་པ་ཞིག་ཀྱང་རེད། ཀླུ་ཆུའི་སྐོར་བྲོ་ནི་ས་གནས་ཀྱི་དམིགས་བསལ་དམངས་སྲོལ་འཚོ་བའི་རྣམ་པ་དང་ཡུན་རིང་བའི་ཆོས་ལུགས་རིག་གནས་དང་རྩྭ་ཐང་མི་དམངས་ཀྱི་འཚོ་བའི་གོམས་སྲོལ་སོགས་གཙོར་བཟུང་ཞིང་རྒྱ་ཆེ་བའི་མང་ཚོགས་རང་བཞིན་གྱི་རྨང་གཞི་ངེས་ཅིན་ཞིག་ལྡན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག