མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

དཔའ་རིས་རྫོང་གིས་ཕྱོགས་ཡོངས་ནས་ནགས་སྐྲུན་ལྗང་བསྒྱུར་ལས་འགན་ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-11 10:30

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་མུ་མཐུད་དུ“སྐྱེ་ཁམས་ཀྱིས་རྫོང་འཛུགས་སྐྲུན་བྱེད་པའི”འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། ཤུགས་ཆེན་པོས་རྫོང་མཁར་གྱི་རི་གཉིས་ལྗང་བསྒྱུར་དང་བཟོ་ལས་ར་བ་ཁུལ་གྱི་ལྷོ་བྱང་རི་གཉིས་ལྗང་བསྒྱུར་བྱེད་པ་སོགས་ཀྱི་ནགས་ལས་སྐྱེ་ཁམས་བཟོ་འགོད་གཙོ་བོ་སྐོར་ཞིག་ལག་བསྟར་བྱས་ནས། ཕྱོགས་ཡོངས་ནས་ནགས་སྐྲུན་ལྗང་བསྒྱུར་བྱ་བར་སྐུལ་འདེད་བཏང་། ཟླ6པའི་ཟླ་མཇུག་བར་དུ་རྫོང་ཡོངས་ཀྱི་ནགས་སྐྲུན་ལྗང་བསྒྱུར་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད།

དཔའ་རིས་རྫོང་གིས་སྤྱི་ཚོགས་ཡོངས་ཀྱིས་ནགས་ལས་སྐྲུན་པ་དང་དམངས་ཡོངས་ཀྱིས་ལྗང་བསྒྱུར་བྱེད་པའི་ཁ་ཕྱོགས་རྒྱུན་བསྐྱངས་ཏེ། བྱང་གསུམ་གྱི་འགོག་སྲུང་ནགས་ཚལ་དང་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་སོགས་གཙོ་གནད་སྐྱེ་ཁམས་བཟོ་འགོད་ལས་གཞི་ལག་བསྟར་བྱས་པར་བརྟེན། ནགས་སྐྲུན་ལྗང་བསྒྱརུ་དང་འོས་འགན་སྡོང་འཛུགས་བྱ་བ་བརྟན་བརླིང་ངང་སྤེལ། ལོ་སྟོད་ལ། མིས་ནགས་སྐྲུན་བྱས་པ་མུའུ་ཁྲི3.53དང་དེས་འཆར་འགོད་ལས་འགན་མུའུ་ཁྲི3.5ཡི101%ཟིན་ཡོད་པ་དང་། རི་བཀག་ནགས་གསོ་བྱས་པ་མུའུ་ཁྲི5.15དང་དེས་ལས་འགན་མུའུ་ཁྲི5ཡི103%ཟིན་ཡོད། གཞུང་ལམ་ལྗང་བསྒྱུར་བྱས་པ་སྤྱི་ལེ102དང་དེས་སྡོང་རྐང་ཁྲི100འཛུགས་པའི་ལས་འགན་གྱི102%ཟིན་ཡོད། འོས་འགན་སྡོང་འཛུགས་བྱས་པ་སྡོང་རྐང་ཁྲི101དང་དེས་ལས་འགན་སྡོང་རྐང་ཁྲི100ཡི101%ཟིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག