མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

དཔའ་རུས་རྫོང་དེ་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཡང་དག་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-07-01 10:49

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་གྱིས་དཔའ་རུས་རྫོང་དེ་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར་ཡང་དག་དཔེ་སྟོན་རྫོང་དུ་གཏན་འཁེལ་བྱས་པ་མ་ཟད། ནོར་སྲིད་ཆེད་དམིགས་དབུལ་སྐྱོར་མ་དངུལ་སྒོར་ཁྲི500བཏང་།

དབུལ་སྐྱོར་ཡང་དག་བྱེད་ཆེད། དཔའ་རུས་རྫོང་གིས་རྫོང་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཁྲི5.63དང་དབུལ་ཕོངས་སྡེ་བ75ལ་གཅིག་གྱུར་གྱིས་ཡིག་ཚགས་བྱང་བུ་བཟོས་པ་དང་། ཁྱིམ་ཚང་རེར་བྱང་བུ་ཡོད་པ་དང་སྡེ་བ་རེར་ལག་དེབ་ཡོད་པ། ཤང་རེར་དེབ་ཐོ་ཡོད་པ། རྫོང་དུ་ཡིག་ཚགས་ཡོད་པར་བྱས། མིག་སྔར། ཞིང་སྡེའི་དབུལ་ཕོངས་ཁྱིམ་ཚང་ངོས་འཛིན་བྱེད་པའི་བྱ་བ་སྒྲུབ་བཞིན་ཡོད་ལ། ཚོད་དཔག་ལྟར་ན་ཟླ10བའི་ཟླ་མཇུག་བར་དུ་མ་ལག་ཁོངས་འཇུག་གི་བྱ་བ་ལེགས་འགྲུབ་བྱས་ནས་འཁོར་སྤྱོད་དོ་དམ་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། རིམ་བཞིན་དབུལ་སྐྱོར་ཡང་དག་གི་བྱ་བའི་ཡུན་ཕན་ལམ་ལུགས་བཙུགས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་དབུལ་སྐྱོར་བྱེད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག