མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ8པར་ཚོགས་རྒྱུན་ཡིན་པ་དང་འགྲན་བསྡུར་རྣམ་གྲངས8འཛུགས་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-06-27 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ6པའི་ཚེས26ཉིན་བསྡུས་པའི་ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གྲ་སྒྲིག་བྱ་བའི་ཚོགས་འདུའི་སྟེང་རྒྱུན་ལོན་པ་ལྟར་ན། ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཟླ8པའི་ཚེས10ཉིན་ནས་ཚེས12ཉིན་བར་ཆིན་དབྱང་གྲོང་ཁྱེར་ནས་ཚོགས་རྒྱུ་ཡིན་པ་དང་། ད་ལྟ་གྲ་སྒྲིག་བྱ་བ་སྣ་ཚོགས་བྲེལ་མྱུར་ངང་སྒྲུབ་བཞིན་ཡོད།

ཀན་སུའུ་ཞིང་ཆེན་སྐབས་བརྒྱད་པའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་འགྲན་བསྡུར་རྣམ་གྲངས8དང་འཁྲབ་སྟོན་རྣམ་གྲངས5འཛུགས་རྒྱུ་ཡིན་པ་དང་། འགྲན་བསྡུར་རྣམ་གྲངས་ལ་འཕྲུལ་གཞུ་འཐེན་པ་དང་འཕང་ལོ་རྩེད་པ། དྲག་རྩལ། མི་རིགས་སྦེ་ག མི་རིགས་བདེ་སྲུང་ལུས་སྦྱོང་སོགས་ཡོད་པ་དང་། སྐབས་དེར་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར14དང་། ནུབ་བྱང་མི་རིགས་སློབ་ཆེན། ནུབ་བྱང་གྲངས་ཉུང་མི་རིགས་གསོ་སྦྱོང་ལྟེ་གནས། ཀན་སུའུ་མི་རིགས་དགེ་ཐོན་སློབ་གླིང་སོགས་འཐུས་ཚབ་ཚོགས་པ17གྱི་ལུས་རྩལ་པ1000ལྷག་འགྲན་བསྡུར་ལ་ཞུགས་རྒྱུ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག