མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་གཙང་པ་བ་ཤང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་ནས་དམངས་ཕྱུག་གི་ཐོན་ལས་སྐྱེད་སྲིང་བྱས་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-06-25 11:09

    《ཀན་ལྷོ་ཉིན་རེའི་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན།གཙང་པ་བ་ཤང་ནི་ཅོ་ནེ་རྫོང་གི་བྱང་ཤར་མཚམས་སུ་གནས་པ་དང་།ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2550དང་།རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་22རྨོ་ཞིང་རྒྱ་ཁྱོན་མུའུ་8242བཅས་ཡོད་པ་དང་ཐོན་ལས་གཙོ་བོ་ཞིང་ལས་དང་འབྲོག་ལས་ཡིན་པ་དང་།རང་བྱུང་ཆ་རྐྱེན་གྱིས་ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་གསོ་སྤེལ་དང་འདེབས་འཛུགས་བྱ་རྒྱུར་འཚམ་པོ་ཡོད་པ་རེད།

    ཤང་དེས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་ཏེ།དམངས་ཕྱུག་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་ཀྱི་ཡོད།ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་དང་།ཤིང་སྦྲང་གསོ་སྤེལ།དཔལ་འབྱོར་ཤིང་འབྲས།ངལ་ནུས་ཕྱིར་གཏོང་དང་གཞན་སྒྱུར་བཅས་ནི་ཤང་དེ་ཡོངས་ཀྱི་ཀ་རྟེན་ཐོན་ལས་ཆེན་པོ་བཞིར་གྱུར་བ་དང་སྦྲགས་མཉམ་འབྲེལ་བྱ་སྤྱོད་སྟེགས་བུ་དང་།“333དབུལ་སྐྱོར་འགག་སྒྲོལ་འཆར་གཞི”གོ་སྐབས་སུ་བྱས་ནས་གྲོང་ཚོ་8ཏུ་ལྕ་རྒོད་དང་།སྲད་སེར།ཀླུ་བདུད་རྡོ་རྗེ་སོགས་ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་བྱས་སྟབས་འདེབས་འཛུགས་ཀྱི་གཞི་ཁྱོན་དེ་སྔའི་མུའུ་6700ལྷག་ཙམ་ནས་ད་ལྟའི་མུའུ་8100བར་ཆེ་རུ་ཕྱིན་ནས་རྨོ་ཞིང་སྤྱིའི་རྒྱ་ཁྱོན་གྱི་98%བཟུང་བ་དང་ལོར་ཡོང་འབབ་སྒོར་ཁྲི་3630མང་དུ་ཕྱིན་ཡོད།ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་ལས་སྣོན་བཟོ་གྲྭ་2དང་མུའུ་སྟོང་གི་ལྕ་རྒོད་GAPཁས་ལེན་རྟེན་གཞི་1བཙུགས་པས།ཤང་དེ་ཡོངས་ཀྱི་ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་དེ་རིམ་བཞིན་འདེབས་འཛུགས་དང་།ལས་སྣོན།ཕྱིར་ཚོང་བཅས་གཞི་གཅིག་ཏུ་གྱུར་པའི་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་ཐུབ་པ་བྱུང་བ་རེད།

    2012ལོ་ཤར་བ་ནས་བཟུང་གཙང་པ་བ་ཤང་གིས་ཀན་སུའུ་ཏཱ་ཏེ་ལིས་ཚོགས་པ་ཀུང་སི་དང་།ཀྲུང་གོ་ཐའེ་དབན་ཁྲའོ་དབྱང་ཚོགས་པ།ཅི་ལིན་ཨའོ་ཏུང་སྨན་བཟོ་ཀུང་སི།ཨན་ཧུའེ་ཧའོ་ཀྲོའུ་ཡི་ཚོང་འགྲུལ་བཅས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བས་ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་འདེབས་འཛུགས་ལས་རིགས་ལ་འཕེལ་ཕྱོགས་བཟང་པོ་ཞིག་ཐོན་ནས་འདེབས་འཛུགས་གཞི་ཁྱོན་ཆེ་རུ་དང་འདེབས་འཛུགས་སྣ་ཁ་མང་དུ་ཕྱིན་པ་ཙམ་མ་ཟད་ཞིང་འབྲོག་པས“སྔོན་མངགས་འདེབས་འཛུགས”ཀྱི་བསྡུར་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཀྲུང་ལུགས་དང་བོད་སྨན་སྨན་རྩྭ་རི་གྲོང་ནས་ཐའེ་དབན་དང་ཧན་གོ་སོགས་ས་ཆར་ཕྱིར་ཚོང་བྱས་པས་སྨན་རྩྭ་འདེབས་འཛུགས་དེ་ཞིང་འབྲོག་པས་རང་ཁྱིམ་གྱི་ས་ཞིང་ནས་ཡོང་འབབ་ཡག་པོ་གསོག་པའི་གདམ་ག་དང་པོ་ཞིག་ཏུ་གྱུར་བ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག