མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

མཐོ་རིམ་སློབ་གྲྭས་ཐང་ག་ཆེད་ལས་བཙུགས་ནས་རི་མོ་བ་ཚོའི་ཕུགས་བསམ་མངོན་འགྱུར་བྱུང་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-06-23 09:23

ཟླ6པའི་ཚེས10ཉིན།  ནུབ་བྱུང་མི་རིགས་སློབ་གྲྭ་ཆེན་མོའི་རང་སྦྱོང་རྒྱུགས་གཞིའི་ཐང་ག་ཆེད་ལས་དགེ་སློབ་ཚོའི་བརྩམས་ཆོས་འགྲེམ་སྟོན་སྟེང་། ལྟད་མོ་བ་ཞིག་གིས་ལག་འཁྱེར་ཁ་པར་ལ་བརྟེན་ནས་ཐང་གར་པར་ལེན་བཞིན་པ།
ཉིན་དེར།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རང་སྦྱོང་རྒྱུགས་གཞིའི་ཐང་ག་ཆེད་ལས་དགེ་སློབ་ཚོའི་བརྩམས་ཆོས་འགྲེམ་སྟོན་ལན་ཀྲུའུ་རི་མོ་གླིང་དུ་བསྡུས། 

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས2007ལོ་ནས་བཟུང་ཐང་ག་ཆེད་ལས་ཀྱི་དངོས་གཞི་སློབ་མ་བསྡུ་ལེན་བྱེད་འགོ་བརྩམས་པ་དང་། མིག་སྔའི་བར་སློབ་མ38བསྡུ་ལེན་བྱས། དེས་སྤྱི་ཚོགས་སྟེང་དུ་ཐང་ག་ཆེད་ལས་ཕྱོགས་ཀྱི་ཤེས་ལྡན་མི་ལྡན་དགོས་མཁོ་ཆེ་བའི་འདོད་བློ་སྐོང་མི་ནུས་པ་དང་།  2012ལོར་སློབ་གྲྭ་འདིས་མཐོ་རིམ་སློབ་གསོའི་རང་སྦྱོང་རྒྱུགས་གཞིའི་ཐང་ག་ཆེད་ལས་ཕྱོགས་ཀྱི་སློབ་མ་བསྡུ་བའི་ཐོབ་ཐང་བླངས་ཤིང་། 2012ལོའི་ཟླ9བ་ནས་ད་ལྟའི་བར་ཐེངས་གཉིས་ལ་སློབ་མ32བསྡུ་ལེན་བྱས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག