མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཀན་ལྷོ་ཁུལ་གྱིས་གཞི་རིམ་ལས་བྱེད་པའི་བོད་རྒྱ“སྐད་གཉིས”ཀྱི་གསོ་སྦྱོང་ལས་དོན་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-06-22 10:59

    ཀན་སུའུ་ཉིན་རེའི་ཚགས་པར་དུ་་གནས་ཚུལ་སྤེལ་བར་གཞིགས་ན།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བོད་རིགས་ས་ཁུལ་གྱི་དངོས་ཡོད་ལ་གཞི་འཛུགས་པ་དང་།སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱེད་པ།ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཐོན་ཁུངས་གཅིག་འདོམས་བཅས་བྱས་ནས་གཞི་རིམ་ན་གཞོན་ལས་བྱེད་པར་བོད་རྒྱ“སྐད་གཉིས”གསོ་སྦྱོང་བྱས་ཏེ་ཤང་གྲོང་ལས་བྱེད་པས་མང་ཚོགས་ཀྱི་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་བཏང་ཞིང་།ཉེ་ཆར་བོད་རྒྱ“སྐད་གཉིས”མཐོར་གཏོང་འཛིན་གྲྭ་ཐེངས་དང་པོ་དངོས་སུ་གཉེར་འགོ་ཚུགས་པར་ལས་བྱེད་པ་50ཞུགས་ཡོད་པ་དང་།དེ་སྔོན་བོད་རྒྱ“སྐད་གཉིས”གསོ་སྦྱོང་འཛིན་གྲྭ་ཐེངས་5གཉེར་ནས་གཞི་རིམ་ན་གཞོན་ལས་བྱེད་པ་627གསོ་སྦྱོང་བྱས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན།ཀན་ལྷོ་ཁུལ་གྱི་ཤང་གྲོང་ལས་བྱེད་པ་ཁྲི་1.2ཀྱི་ཁྲོད་བོད་སྐད་ཤེས་མཁན་དྲུག་ཆ་གཅིག་ལས་ཟིན་གྱི་མེད།ཁུལ་ཡོངས་ཀྱི་འབྲོག་ཁུལ་གྱི་རྫོང(གྲོང་ཁྱེར)དང་ཤང(གྲོང་རྡལ)གི་ལས་བྱེད་པ་4100ལྷག་ཙམ་གྱི་ཁྲོད་བོད་སྐད་ཤེས་མཁན་སུམ་ཆ་གཅིག་ལས་ཟིན་གྱི་མེད་ལ་ལྷག་པར་ཏུ་འབྲོག་ཁུལ་དུ་ལས་ཀ་བྱེད་བཞིན་པའི་རྒྱ་རིགས་ལས་བྱེད་པའི་ཁྲོད་ཀྱི་90%ཡན་གྱིས་བོད་སྐད་མི་ཤེས་པའི་རྐྱེན་གྱིས་རང་རྐྱ་འཕེར་བའི་སྒོ་ནས་འབྲོག་ཁུལ་དུ་ལས་དོན་སྤེལ་ཐུབ་ཀྱི་མེད།དེར་དམིགས་ནས་ཀན་ལྷོ་ཁུལ་གྱིས་ཤང་དང་གྲོང་རྡལ་གྱི་གཞི་རིམ་ལས་བྱེད་པའི་བོད་རྒྱ“སྐད་གཉིས”གསོ་སྦྱོང་ལས་དོན་དེ་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་བའི་གཞི་རྟེན་གཙོ་བོ་ཞིག་ཏུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་ཀྱི་ཡོད་པ་རེད།

    ཀན་ལྷོ་ཁུལ་གྱིས་གསོ་སྦྱོང་འཆར་འགོད་བཟོས་ནས་འདི་ལོ་ནས་བཟུང་ལོ་ལྔའི་དུས་ཚོད་སྤྱད་དེ་གཞི་རིམ་ན་གཞོན་ལས་བྱེད་པ་2000ལ་གཅིག་སྡུད་གསོ་སྦྱོང་བྱེད་རྩིས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག