མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་ཡོངས་ཀྱི་བོད་རྒྱའི་སྐད་གཉིས་ཁྲིམས་ལུགས་ཁྱབ་གདལ་རྐང་འཛིན་མི་སྣ་གསོ་སྦྱོང་འཛིན་གྲྭ་མཇུག་བསྒྲིལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-06-05 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་དོན་མ་ལག་གི་བོད་རྒྱའི་སྐད་གཉིས་ཁྲིམས་ལུགས་ཁྱབ་གདལ་གྱི་རྐང་འཛིན་མི་སྣ་གསོ་སྦྱོང་འཛིན་གྲྭ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་གསོ་སྦྱོང་སློབ་གླིང་ཀན་ལྷོ་ཡན་ལག་སློབ་གྲྭ་ནས་རྒྱལ་ཁའི་ངང་མཇུག་བསྒྲིལ།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཁྲིམས་དཔོན་ལེའང་མིན་ཡོན་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཐིན་ཀྲང་དབྱང་ཅིན་ཧའེ། ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་ཏང་ཨུའི་ཨུ་ཡོན་ནམ་ཐིན་ཀྲང་གཞོན་པ་ཀྲུང་ཅན་ལུང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མི། སྒྲིག་ཁྲིམས་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཁྲིན་ཐེན་ཞུང་། ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་དབྱང་ཝུའུ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ནམ་ཞིང་ཆེན་ཁྲིམས་དཔོན་གསོ་སྦྱོང་སློབ་གླིང་ཀན་ལྷོ་ཡན་ལག་སློབ་གྲྭའི་སློབ་གཙོ་ལིས་ཧྲི་ཉིན་བཅས་མཐར་ཕྱིན་མཛད་སྒོར་ཞུགས།

ཐེངས་འདིའི་གསོ་སྦྱོང་སྟེང་བྱ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་ཁྲིམས་ལུགས་རིག་པའི་དགེ་རྒན་གདན་ཞུ་བྱས་ཏེ། སློབ་མ་རྣམས་ལ་རྩ་ཁྲིམས་དང་ས་ཞིང་བཅའ་ཁྲིམས། ངལ་རྩོལ་བཅའ་ཁྲིམས། བདེ་འཇགས་དོ་དམ་ཐག་གཅོད་བཅའ་ཁྲིམས། མི་དམངས་འདུམ་འགྲིག་བཅའ་ཁྲིམས། གཉེན་སྒྲིག་བཅའ་ཁྲིམས་བཅས་དང་ཁྲིམས་ལུགས་དྲིལ་སྒྲོག་སོགས་འབྲེལ་ཡོད་ཤེས་བྱ་འགྲེལ་བཤད་བྱས་པ་མ་ཟད། དཔེ་དོན་སྦྱར་ནས་བོད་ཁུལ་མང་ཚོགས་ཁྲོད་དུ་ཁྲིམས་ལུགས་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་དང་ཁྲིམས་ལུགས་ཞབས་ཞུ་སོགས་ཇི་ལྟར་སྤེལ་དགོས་པ་སློབ་ཁྲིད་བྱས་ནས། སློབ་མ་རྣམས་ཀྱི་བྱ་བའི་སྤུས་ཚད་དང་བྱ་བའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། ཕན་ནུས་ལྡན་པའི་སྒོ་ནས་ཀན་ལྷོ་ཁུལ་དང་ཞིང་ཆེན་ནང་ཁུལ་གྱི་གཞན་པའི་བོད་ཁུལ་དུ་བོད་རྒྱའི་སྐད་གཉིས་འཇོན་མི་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཤིང་། བོད་ཁུལ་གྱི་ཁྲིམས་འཛིན་དྲིལ་སྒྲོག་དཔུང་སྡེ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ལ། ཕན་ནུས་ལྡན་པའི་སྒོ་ནས་བོད་ཁུལ་གྱི་ཁྲིམས་ལུགས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གནད་དོན་ཞི་ལྷོད་དུ་བཏང་བ་མ་ཟད། དེས་བོད་ཁུལ་གྱི་ཁྲིམས་འཛིན་དྲིལ་སྒྲོག་སློབ་གསོ་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ།

ཐེངས་འདིར་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འབྲལེ་ཡོད་ལས་ཁུངས་གྱི་འགན་འཁུར་མི་སྣ། ཁུལ་ཁྲིམས་འཛིན་ཅུའུ། འབྲུག་ཆུ་རྫོང་ཏང་ཨུ་སྲིད་གཞུང་གི་འགན་འཁུར་མི་སྣ་གཙོ་བོ། ཀན་ལྷོ་ཁུལ་གྱི་རྫོང་དང་གྲོང་ཁྱེར་སོ་སོ་དང་དཔའ་རིས་རྫོང་། ཀྲང་ཡེ་གྲོང་ཁྱེར་སུའུ་ནན་རྫོང་གི་བོད་རྒྱའི་སྐད་གཉིས་ཁྲིམས་ལུགས་ཁྱབ་གདལ་རྐང་འཛིན་པ་མི100ལྷག་གསོ་སྦྱོང་ལ་ཞུགས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག