མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱི་ལས་ཤོར་མི་སྣ279ཡིས་ལས་ཤོར་འགན་སྲུང་མ་དངུལ་བླངས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2014-05-30 10:33

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དུས་ཚིགས་གཉིས་པའི་ལས་ཤོར་འགན་སྲུང་མ་དངུལ་སྒོར་ཁྲི73.8བཏང་ནས། ལས་ཤོར་མི་སྣ279ལ་ལས་ཤོར་འགན་སྲུང་མ་དངུལ་བྱིན།

ལས་ཤོར་མི་སྣའི་ལས་ཤོར་འགན་སྲུང་མ་དངུལ་དུས་ལྟར་འདང་ངེས་ཀྱིས་སྟེར་བར་ཁག་ཐེག་བྱེད་ཆེད། ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་དམངས་འཚོར་ཞབས་ཞུ་འགན་སྲུང་བྱས་ཏེ་སྤོ་བསྒྱུར་ཐོལ་བརྒལ་ལ་སྐུལ་སྤེལ་བྱེད་པའི་བྱ་བའི་ཁྱོན་ཡོངས་ལ་གཞིགས་ཏེ། ལས་ཤོར་ལ་རོགས་སྐྱོར་བྱེད་པའི་འགན་སྲུང་བྱ་བར་མངོན་གསལ་གྱིས་གྲུབ་འབྲས་བླངས། དུས་ཚིགས་གཉིས་པར་རྫོང་དང་གྲོང་ཁྱེར་སོ་སོས་སྙན་ཞུ་ཕུལ་བའི་འབྲེལ་ཡོད་རྒྱུ་ཆར་གཞིགས་ནས་རིམ་པ་བཞིན་ཞིབ་བཤེར་བྱས་ཏེ། ནན་ཏན་གྱིས་གོ་རིམ་ལྟར་སྒྲུབ་ནས་ཆ་རྐྱེན་དང་འཚམ་པའི་ལས་ཤོར་མི་སྣ278ལ་ལས་ཤོར་འགན་སྲུང་མ་དངུལ་སྒོར་ཁྲི73.8བྱིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག