མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་བོད་ཁུལ་དུ་སྐོར་སྐྱོད་དངུལ་ཁང་བཙུགས་ནས་རོང་འབྲོག་པར་སྟབས་བདེ་བཟོས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-05-28 10:18

རོང་འབྲོག་མང་ཚོགས་ཀྱིས་སྐོར་སྐྱོད་དངུལ་ཁང་དུ་དངུལ་ལེན་བཞིན་པ།

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཤོད་གྲོང་རྡལ་མ་མོ་སུམ་སྣ་སྡེ་བར་སྐོར་སྐྱོད་དངུལ་ཁང་ཞེས་པའི་ཞིང་ཕན་ཞབས་ཞུ་རླངས་འཁོར་ཡོང་ནས་དངུལ་གསོག་ལེན་གྱི་ལས་སྒོ་བསྒྲུབས། མིག་སྔར་ཞིང་ལས་དངུལ་ཁང་ཀན་སུའུ་ཡན་ལག་དངུལ་ཁང་གིས་ཀན་ལྷོ་བོད་ཁུལ་དུ་ཆེད་དུ་སྐོར་སྐྱོད་རླངས་འཁོར་བརྒྱད་བཀོད་སྒྲིག་བྱས་ནས་ཐག་རིང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བའི་རོང་འབྲོག་མང་ཚོགས་ཀྱི་སྒོ་ཁར་སོང་ནས་དངུལ་རྩའི་ཞབས་ཞུ་སྒྲུབ་བཞིན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག