མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཐན་ཁྲང་རྫོང་དུ་བོན་ཆོས་ཀྱི་ཡིག་ཚགས་མྱུར་སྐྱོབ་བྱས།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-05-18 18:02

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཐན་ཁྲང་རྫོང་བོན་ཆོས་ཀྱི་ཡིག་ཚགས་སྲུང་སྐྱོབ་མགོ་ཁྲིད་ཚན་ཆུང་གི་མགོ་གཙོ། ཐན་ཁྲང་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་མགོ་གཙོ་ཝང་ཧྥུ་ཆོན་གྱིས་ཟླ5བའི་ཚེས14ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཏེ་བཤད་པ་ལྟར་ན། ཐན་ཁྲང་རྫོང་གི་ཞིན་ཁྲིན་ཙི་བོད་རིགས་ཡུལ་ཚོ་དང་། ཀོན་ཨུ་ཀུའུ། ནན་ཧིའུ་བཅས་ཡུལ་ཚོ་གསུམ་དུ་བསྟུད་མར་ཐང་རྒྱལ་རབས་དུས་མཇུག་སྐབས་ཀྱི་མཐོང་དཀོན་པའི་བོན་ཆོས་ཀྱི་ཡིག་ཚགས40ལྷག་དང་ཤོག་གྲངས6800མྱུར་སྐྱོབ་བྱས་ལ། ནང་དོན་ཐད་རྩིས་རྒྱག་དང་མོ་འདེབས། ནད་ཡམས་གསོ་བཅོས། གཉེན་དང་དུར་མཆོད། དུས་སྟོན་བསུ་བ། ལྷ་རིར་མཆོད་འབུལ། དེ་མིན་བོད་རིགས་ཀྱི་གནའ་བོའི་གདོད་མའི་མཚན་ཉིད་རིག་པ་སོགས་འདུས་ལ། འདི་ནི་ཆཱང་བོད་གནའ་བོའི་རྒྱལ་ཁབ་ཀྱི་དཔལ་ཡོན་གྱི་གསང་རྒྱ་བརྟོལ་བའི་ལྡེ་མིག་ཏུ་ངེས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག