མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་གི་སློབ་ཆུང་གཉིས་ལ་དབྱར་ལྭ་དང་དགུན་ལྭ། སྨྱུ་གུ་དང་སྨྱུག་སྣོད། དཔེ་ཁུག རྡོ་སོལ་སོགས་ཀྱི་ཞལ་འདེབས་ཕུལ་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-05-12 10:19

ས་ནག་གཞས་ཚོགས་དང་དགེ་སློབ་རྣམས་ཀྱིས་མཉམ་དུ་སྐྱོན་པའི་འདྲ་པར།

   ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོའི་ཟླ5པའི་ཚེས8ཉིན། ས་ནག་གཞས་ཚོགས་ཀྱིས་བསང་ཆུ་རྫོང་འབོ་ར་ཞང་ལུང་ལེབ་སྡེ་དམངས་སློབ་ཆུང་དང་སྒྱིས་ཚང་ཞང་སྒྱིས་ཚང་སློབ་ཆུང་གཉིས་ལ་དབྱར་ལྭ་དང་དགུན་ལྭ། སྨྱུ་གུ་དང་སྨྱུག་སྣོད། དཔེ་ཁུག རྡོ་སོལ་སོགས་ཀྱི་ཞལ་འདེབས་ཕུལ།

   སློབ་གྲྭ་འདི་གཉིས་ལ་བསྡོམས་པས་སློབ་མ96ཡོད་ལ། གཙོ་བོ་སློབ་གྲྭ་འདི་གཉིས་ནི་འགྲིམ་འགྲུལ་སྟབས་མི་བདེ་པའི་ལུང་ཁོག་ཏུ་ཡོད་པ་མ་ཟད། སློབ་མ་དེ་དག་རོང་ཁུལ་གྱི་ཆ་རྐྱེན་ཧ་ཅང་ཞན་པའི་རོང་ཁྱིམ་དཀྱུས་མའི་སློབ་མ་ཡིན་པས། གཞས་ཚོགས་འདིས་ཀྱང་རང་ཉིད་ཀྱི་ནུས་ཚད་ཙམ་གྱིས་ཁོ་ཚོ་ལ་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་ཆུལ་ཏུ་རོགས་རམ་ཙམ་བྱས་ནས་སློབ་སྦྱོང་གི་ཐད་ལ་ཡར་སྐུལ་གྱི་ནུས་པ་ཤིག་འབྱུང་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག་ཏུ་ཁོ་ཚོས་ལོ་ཆུང་བྱིས་པ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་བཀོལ་ཤེས་བྱ་འདྲ་མིན་སྣ་ཚོགས་ཡང་ཞོར་ཏུ་དྲིལ་བསྒྲགས་བྱས་ནས་རང་ཉིད་ཀྱི་ཁོར་ཡུག་བདག་སྐྱོང་བཟང་པོ་བྱས་ན་རང་གཞན་གཉིས་ལ་ཕན་པའི་དགེ་མཚན་སྐོར་གྱི་བྱ་འགུལ་སོགས་ཡང་སྤེལ་བ་རེད།   །

སློབ་གྲོགས་ཚོ་གྲལ་བསྒྲིགས་ནས་དབྱར་ལྭ་དང་དགུན་ལྭ། སྨྱུ་གུ་དང་སྨྱུག་སྣོད་སོགས་ཞལ་འདེབས་དངོས་རྫས་ལེན་བཞིན་པ།

སློབ་གྲོགས་ཚོ་གྲལ་བསྒྲིགས་ནས་དབྱར་ལྭ་དང་དགུན་ལྭ། སྨྱུ་གུ་དང་སྨྱུག་སྣོད་སོགས་ཞལ་འདེབས་དངོས་རྫས་ལེན་བཞིན་པ།

ལོ་ཆུང་བྱིས་པ་རྣམས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་བཀོལ་ཤེས་བྱ་དང་རང་ཉིད་ཀྱི་ཁོར་ཡུག་བདག་སྐྱོང་བཟང་པོ་བྱས་ན་རང་གཞན་གཉིས་ལ་ཕན་པའི་དགེ་མཚན་སྐོར་གྱི་ཁ་བརྡ་བྱེད་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག