མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

དཔའ་རིས་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཟབ་ནན་སྒོས་སྤེལ་བཞིན་པ།

རྩོམ་པ་པོ། སྣང་གསལ།  ཡོང་ཁུངས། དཔའ་རིས་རླུང་འཕྲིན་ཁང་།  2014-04-27 11:06

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་ནས་ད་བར་ཟླ་བ་གཅིག་ལྷག་འགོར། ཐེངས་འདི་བྱ་འགུལ་སྤེལ་བ་ནས་བཟུང་། དཔའ་རིས་རྫོང་གི་རིམ་པ་སོ་སོའི་ལས་ཁུངས་ཀྱིས་དངོས་སུ་བརྩི་མཐོང་ཆེན་པོ་བྱས་པ་དང་། བྱ་བའི་བཀོད་སྒྲིག་ཐད་སྲ་བརྟན་ཚགས་དམ་ཡིན་ལ། སློབ་སྦྱོང་ཐོག་ནན་ཏན་གཏིང་ཟབ་ཡིན་པས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བཟང་བོ་ཐོབ།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་རིམ་པ་དང་པོའི་ལས་འགན་གཙོ་བོ་ནི་སློབ་སྦྱོང་དྲིལ་སྒྲོག་དང་བསམ་བློའི་སློབ་གསོ་བྱེད་པ་དང་བསམ་འཆར་བསྡུ་ལེན་བྱེད་པ་ཡིན་ལ། སློབ་སྦྱོང་སློབ་གསོ་བྱ་བའི་ཐོག་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་མ་དཔེ་ལ་ཞིབ་ཏུ་ཀློག་པ་དང་། ཐབས་ལམ་སྣ་མང་གིས་སློབ་པ། ལས་ཁུངས་མཉམ་འབྲེལ་གྱིས་སློབ་པ་སོགས་སློབ་སྦྱོང་རྣམ་པ་དྲུག་དོན་ཐོག་ཏུ་འཁྱོལ་། ད་དུང་སློབ་སྦྱོང་ཞོར་དུ་རང་ཉིད་ལ་གནས་པའི་གནད་དོན་བཙལ་ཏེ་ལས་བྱེད་པའི་དཔུང་ཁག་གི་གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱིས་བློར་མི་འབབ་པ་དང་བྱ་བ་ཞིབ་ཕྲ་ཅན་ནས་ལེགས་བཅོས་བྱེད་མགོ་བརྩམས། ད་དུང་དཔའ་རིས་ཀྱི་དངོས་བབ་གནས་ཚུལ་དང་བསྟུན་ནས་ཐུན་མོང་གཉིས་དང་ཁ་བྲལ་མེད་པ་གསུམ་། མོས་མཐུན་བཞི་སོགས་དཔའ་རིས་བོད་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ཀྱི་ནང་དོན་དེ་སློབ་གསོའི་བྱ་འགུལ་ནང་བརྩིས་ཏེ་དཔལ་ཡོན་སྡེ་བར་ཐོན་པ་དང་སྲིད་ཇུས་ཁྱིམ་ཚང་དུ་བསྐྱལ་བའི་བྱ་འགུལ་རྒྱ་ཆེར་སྤེལ། སློབ་གསོ་སློབ་སྦྱོང་གི་གྲུབ་འབྲས་དེ་ལས་བྱེད་པའི་འཇོན་ཐང་མཐོར་འདེགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། དཔའ་རིས་གོང་འཕེལ་ཡར་རྒྱས། འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་ཐོག་མངོན་གསལ་དུ་མཚོན་ཐུབ་པར་ཧུར་བརྩོན་བྱས། སློབ་སྦྱོང་གི་གྲུབ་འབྲས་ལ་ཚད་ལེན་བྱེད་པའི་ཆེད་དུ། རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་རིག་གཞུང་ཤེས་བྱའི་རྒྱུགས་བླངས་ཏེ། སློབ་གསོ་ལག་ལེན་བྱ་འགུལ་གྱི་དམིགས་ཡུལ་དང་ནང་དོན། དོན་སྙིང་སོགས་བྱང་ཆུབ་པར་བྱས། རྫོང་མི་རིགས་གླུ་གར་ཚོགས་པའི་མགོ་ཁྲིད་དང་ལས་བྱེད་པ་རྣམས་རང་གི་འབྲེལ་གཏུགས་ས་ཚིགས་མཆོད་རྟེན་ཐང་ཞང་མེ་ཐུར་སྡེ་བའི་ཞིང་ཁར་སོང་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་དོན་སྙིང་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན། རིག་གནས་དར་རྒྱས་སུ་གཏོང་བའི་དགོངས་དོན་སོགས་སྒྲོག་འགྲེལ་བྱས་པར་རོང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཐོབ།

རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་རབ་རྒྱས་གྲོང་དང་། ཟུང་ཤན་སྟག་ལུང་སོགས་ཀྱི་དབུལ་ཕོངས་སྡེ་བར་ཟབ་ཞུགས་བྱས་ཏེ་དངོས་གནས་སློབ་གསོ་དང་དུ་ལེན་པ་དང་དབུལ་ཕྱུག་བདེ་སྡུག་ལ་བཅར་འདྲི་བྱེད་པའི་བྱ་འགུལ་སྤེལ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག