མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོའི་བསང་ཆུ་ནས་ལྷ་སའི་བར་གྱི་གནམ་གྲུ་དངོས་སུ་ཤར་གཏོང་བྱས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-04-20 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས14ཉིན་གྱི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་བཅུའི་སྟེང་། སི་ཁྲོན་མཁའ་འགྲུལ་ཀུང་ཟིའི་འཕུར་ཐེངས3U8599ཡི་གནམ་གྲུ་དེ་ཀན་ལྷོའི་བསང་ཆུའི་གནམ་གྲུ་ཐང་དུ་བབས་པ་དང་བསྟུན་ནས་ཀན་ལྷོ་ནས་ལྷ་སའི་བར་གྱི་གནམ་གྲུ་དངོས་སུ་ཤར་གཏོང་ཐུབ་པ་རེད།

ཟླ4པའི་ཚེས14ཉིན་ནས་བཟུངA319རྟགས་ཅན་གྱི་གནམ་གྲུ་དེ་གཟའ་འཁོར་རེའི་གཟའ་ཟླ་བ་དང་གཟའ་པ་སངས་ཉིན་འཕུར་གྱིན་ཡོད་ལ། བསང་ཆུ་ནས་ལྷ་སའི་བར་གྱི་མཁའ་ལམ་ཕྱེས་པ་དེས་བོད་རིགས་མང་ཚོགས་གནས་སྐོར་ལ་འགྲོ་བའི་མཁོ་འདོད་ཚིམས་པར་བྱས་པ་མ་ཟད། ཀན་ལྷོ་དང་བོད་ལྗོངས་བར་གྱི་ཚོང་ཟོང་བརྗེ་རེས་དང་རིག་གནས་བགྲོ་གླེང་སོགས་ཀྱི་ཐད་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག