མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གིས་སྤྱི་གསོག་ཁང་དངུལ་བྱ་བ་གོང་འཕེལ་བཏང་བ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-31 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་སྤྱི་གསོག་ཁང་དངུལ་བྱ་བའི་དོ་དམ་ལ་ཤུགས་བསྣན་ནས་བྱེད་ཐབས་སྣ་ཚོགས་སྤྱད་དེ་དམངས་ལ་ཞབས་ཞུ་སྒྲུབས་པའི་ནུས་བ་ཇེ་མཐོར་བཏང་། 2013ལོའི་ཟླ12བའི་བར་ཏུ། རྨ་ཆུ་རྫོང་གི་སྤྱི་གསོག་ལས་ཁུངས134ཡི་མི་གྲངས་3753གྱིས་བསྡོམས་པས་སྒོར་ཁྲི་22235.55གསོག་པ་དང་ཕྱིར་བཏང་བའི་སྒོར་ཁྲི་9035.32རུ་སླེབས་པ་བསྡོམས་ན་སྒེར་འཇོག་སྤྱི་གསོག་ཁང་དངུལ་བསྐྱིས་པ་སྒོར་ཁྲི་25684.90ཏུ་སླེབས་ཡོད།

རྫོང་སྤྱི་གསོག་ཁང་དངུལ་ཁང་གིས་ལག་བསྟར་དོན་ཚན་གཞིར་བཟུང་ནས་ལས་ཁུངས་སོ་སོའི་དངུལ་འཇོག་འགྲོ་རིམ་ལག་བསྟར་ནན་མོ་དང་རྩིས་བཤེར་དོ་དམ།དྲིལ་སྒྲོགས་དོ་དམ་ལ་ཤུགས་བསྣན་ནས་ལས་ཁུངས་ཀྱི་དངུལ་འཇོག་བྱ་བ་ཚད་ལྡན་དུ་བཏང་། 2013ལོའི་འཆར་གཞི་དེ་ཁང་དངུལ་སྒོར་ཁྲི་3700ནང་འཇུག་བྱ་རྒྱུ་ལས་དོནདངོས་སུ་སྒོར་ཁྲི་4499.60གསོག་ཡོད་པས་ནོར་སྲིད་འགན་ འཁུར་གྱི་བརྒྱ་ཆའི122འགྲུབ་ནས་ལྷག་དངུལ་སྒོར་ཁྲི་13200.42རུ་སླེབས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག