མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་གི་དམངས་འཚོ་འགན་སྲུང་དང་འབྲོག་གསུམ་སྐུལ་སྤེལ་གྱི་ཞིབ་བཤེར་འབྲེལ་གནས་ཐོག་མ་བཙུགས་པ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-29 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིབ་དཔྱོད་ཁང་སྔོན་འགོག་ཁྲུའུ་ཡི་འགོ་གཙོ་ཞེ་བིན་པེན་རྨ་ཆུ་རྫོང་ཉིན་མ་གྲོང་བརྡལ་དུ་སླེབས་ནས་དམངས་འཚོ་འགན་སྲུང་དང་འབྲོག་གསུམ་སྐུལ་བའི་ཆེད་དམིགས་བྱ་འགུལ་འབྲེལ་གནས་ཀྱི་སྒོ་བྱང་བཀལ། འདི་ནི་རྨ་ཆུ་རྫོང་གི་དམངས་འཚོ་འགན་ལེན་དང་འབྲོག་གསུམ་སྐུལ་བའི་ཞིབ་བཤེར་ས་ཚིགས་ཆེས་ཐོག་མར་བཙུགས་པའི་མཚོན་རྟགས་ཡིན།

འབྲོག་ཕན་དམངས་ཕན་སྲིད་ཇུས་རབས་དང་རིམ་པ་ལག་བསྟར་དོན་འཁྱོལ་ཡོང་ཆེད་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་དམངས་འཚོ་དམངས་ཕན་འགན་སྲུང་དང་ཞིང་ལས་འཕེལ་རྒྱས་སྐུལ་འདེད། འབྲོག་སྡེ་དང་འབྲོག་དམངས་ཡོང་སྒོ་འཕར་སྣོན་བཅས་ཀྱི་ཆེད་དམིགས་བྱ་འགུལ་གྱི་རེ་འདུན་ལྟར། ཆེད་དམིགས་བྱ་འགུལ་རྒྱུད་དེ་ལས་གཞི་རྣམ་གྲངས་ལ་ལྟ་རྟོག་དང་འབྲོག་ལས་ཞབས་ཞུའི་འཕེལ་རྒྱས་ལ་ལྟ་རྟོག འབྲོག་ཕན་དངུལ་རྩའི་དོ་དོམ་ལ་ལྟ་རྟོག ལས་གཞི་རྣམ་གྲངས་ལ་ལྟ་རྟོག གྱོད་ དོན་དོན་རྐྱེན་སྡུམ་པའི་གནས་ཚུལ་ལ་ལྟ་རྟོག་སོགས་བརྒྱུད་ནས་དམིགས་ཡུལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དོན་གྱིས་སྲུང་བ་དང་འབྲོག་སྡེ་གསར་བའི་དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་ཁྲིམས་ལུགས་དང་སྲིད་ཇུས་ཀྱི་ལག་བསྟར་ཁག་ ཐེག་བྱེད་ཆེད་དུའོ། ཁུལ་ཞིབ་དཔྱོད་ཁང་གིས་འབྲེལ་གནས་ཀྱིས་ཆེད་དམིགས་བྱ་འགུལ་དང་ མཉམ་འབྲེལ་ཟུང་གི་བྱ་འགུལ་ཟུང་འབྲེལ་གྱིས་ཞིབ་དཔྱོད་གཙོ་གནད་ལས་ཁུངས་ཀྱི་ལྟ་རྟོག་ནུས་པ་འདོན་སྤེལ་གང་ལེགས་དང་དམངས་ཕན་སྲིད་ཇུས་སྣ་ཚོགས་ཀྱི་ དངོས་འབེབས་ལག་བསྟར་ལ་ཤུགས་སྣོན་ནན་མོ་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག