མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱིས་བོད་ཡིག་གི་བརྡ་འཕྲིན་སྟེགས་བུ་ཤར་གཏོང་བྱས་ཏེ་གཟིགས་སྐྱོང་སྲིད་ཇུས་རོང་འབྲོག་པའི་ལག་འཕྲིན་ནང་བསྐྱལ་བ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-28 11:01

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བ་ནས་བཟུང་།  ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཚན་རྩལ་ཅུའུ་ཡིས་གསར་དར་སྨྱད་བྱད་ཀྱི་རྒྱུད་སྒྲོག་ལེགས་ཆ་བེད་སྤྱད་དེ།  ཀན་ལྷོ་ཁུལ་ཚན་རྩལ་དོ་དམ་དྲ་བ་སྟེང“ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ”གྱི་ཆེད་དོན་ལེ་ཚན་སྒྲུབ་པ་དང་།  པར་རིས་དང་ཡི་གེ་གཉིས་བརྒྱུད་དེ་ཏང་གི་སྲིད་ཇུས་དང་ཁྲིམས་ལུགས་དྲིལ་བསྒྲགས་བྱས།

 སྔར་ལས་ལྷག་པར་དེང་སྐབས་ཀྱི་བརྡ་འཕྲིན་མང་ཚོགས་རང་བཞིན་དང་ཡོངས་ཁྱབ་རང་བཞིན།  གཞི་རྒྱ་ཆེ་བའི་ཁྱད་ཆོས་གསར་བ་བསྟུན་ཅི་ཐད་བྱས་ཏེ།  ཚན་རྩལ་བྱ་བའི་དངོས་ཡོད་དགོས་མཁོ་དང་ཟུང་འབྲེལ་བྱེད་ཆེད།  ཀན་ལྷོ་ཁུལ་ཚན་རྩལ་ཅུའུ་ཡི་ཁོངས་གཏོགས་ལས་དོན་ལས་ཁུངས་གསང་འཕྲིན་ཞིབ་འཇུག་ཁང་གིས་ཀླུ་ཆུ་རྫོང་དུ་ཁུལ་ཡོངས་ཀྱི་བོད་ཡིག་གི་ཚན་རྩལ་བརྡ་འཕྲིན་སྟེགས་བུ་ཐོག་མ་ཤར་གཏོང་བྱས་པ་དང་།  རྒྱ་བོད་ཡིག་བསྒྱུར་གཙོ་བྱས་ཏེ་སྲིད་ཁྲིམས་དང་འཚོ་བ།  གནམ་གཤིས་སྔོན་བརྡ།  ཚན་རྩལ་བརྡ་འཕྲིན།  ཏང་གི་ཞིང་ལས་གཟིགས་སྐྱོང་སྲིད་ཇུས་སོགས་ལག་འཕྲིན་ལ་བརྟེན་ནས་རོང་འབྲོག་པའི་མིག་ལམ་དུ་བསྐྱལ་བཞིན་ཡོད་ལ།  མིག་སྔའི་བར་རིགས་ནང་དོན་མི་འདྲ་བའི་བརྡ་འཕྲིན20ལྷག་བསྐྱལ་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག