མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲའོ་སི་པེན་འཁོར་དང་བཅས་པ་རྨ་ཆུ་རྫོང་ལ་རྟོག་དཔྱོད་དུ་སླེབས་པ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-26 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས17ཉིན་གྱི་སྔ་དྲོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ་ཀྲའོ་སི་པེན་འཁོར་དང་བཅས་པ་རྨ་ཆུ་རྫོང་གི་རྫོང་དཔོན་བང་ལིས་དང་རྫོང་རྒྱུན་ཨུ་འམ་དྲིལ་སྒྲོགས་པུའུ་ཀྲང་པད་ཡོན་སོགས་ཀྱི་ཕེབས་རོགས་འོག་ཏུ་རྨ་ཆུ་རྫོང་ཉིན་མ་གྲོང་བརྡལ་ས་དཀར་སྡེ་བར་རྟོག་དཔྱོད་དུ་ཕེབས་ནས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་སྡེ་དམངས་ཏང་ཡོན་མི་སྣ་དང་མཉམ་དུ་བགྲོ་གླེང་ཞིབ་རྒྱས་གནང་།

ས་དཀར་སྡེ་བ་ནི་ཁུལ་དཔོན་གཞོན་པ་ཀྲའོ་སི་པེན་གྱི་མཉམ་འབྲེལ་རོགས་སྐྱོར་བྱ་ཡུལ་གྱི་ཁ་གཏད་སྡེ་བ་ཡིན་ཞིང་། ལོ་ངོ་གཉིས་ཀྱི་རིང་དུ་ཁུལ་དཔོན་གྱིས་མ་སྐུལ་དང་བླངས་སྒོས་མང་ཚོགས་ཀྱི་བདེ་སྡུག་ཐུགས་སུ་བཅངས་ནས་རྣམ་གྲངས་བརྩོན་ལེན་དང་ཕྱུག་འགྱུར་ཐབས་ལམ་གང་སར་འཐེན་མཐར་ན་ནིང་གི་ལོ་གཅིག་པོར་ས་དཀར་སྡེ་དམངས་ཀྱི་རེ་འདུན་ལྟར་རྒྱུ་ཆ་ལས་སྣོན་གྱི་ཁྲོམ་རྭ་འཛུགས་སྐྲུན་ལ་མ་དངུལ་སྒོར་ཁྲི60ཡི་མ་དངུལ་བརྩོན་ལེན་བྱས་པ་མ་ཟད། དབུལ་ཕོངས་ཁྱིམ་ཚང་དང་དཀའ་ཁག་ཅན་གྱི་མི་སྒེར་ལ་ཡང་ཐུགས་འཁུར་དང་རོགས་སྐྱོར་ཚད་མེད་གནང་། ད་ལོར་ཡང་ཁོང་གིས་རང་ནུས་གང་ཡོད་བཏོན་ནས་ས་དཀར་སྡེ་བའི་ལམ་དང་ཟམ་པའི་ཕྱོགས་སུ་སྒོར་ཁྲི80མ་དངུལ་གཏོང་རྒྱུའི་ཁས་འཆེ་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་ཐག་གཅོད་པར་རོགས་སྐྱོར་བླ་མེད་གནང་། ཚོགས་ཐོག་ཏུ་ཁོས་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སྲིད་ཇུས་ལག་བསྟར་གྱི་དགོས་མགོ་དང་དམིགས་ཡུལ། མང་ཚོགས་ལ་ཞབས་ཞུ་བྱེད་པའི་མཐར་ཐུག་གི་དམིགས་འབེན་སོགས་སྲིད་འཛིན་ཏང་གི་མིག་སྔའི་བྱེད་ཕྱོགས་ལ་རྒྱབ་སྐྱོར་གང་ནུས་འདོན་པའི་བླང་བྱ་ནན་ཏུ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག