མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

རྨ་ཆུ་རྫོང་མི་འབོར་འཆར་སྐྱེས་ཅུས་ཀྱིས་དམངས་འཚོའི་དོན་དངོས་གཉེར་བ།

རྩོམ་པ་པོ། ཚེ་དོན།  ཡོང་ཁུངས། རྨ་ཆུ་རྫོང་དྲིལ་སྒྲོག་པུའུ།  2014-03-24 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2013ལོར་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་སྲིད་གཞུང་གིས་གཏན་འབེབས་བྱས་པའི་འཆར་སྐྱེས་བུད་མེད་ཀྱི་བྱ་བར་ཤུགས་བསྣན་ནས་དམངས་འཚོའི་དོན་དངོས་རྣམ་གྲངས་མང་པོ་ལག་བསྟར་བྱས་ཏེ། ལོ་ཡོངས་སུ་སྐྱེས་འཕེལ་བདེ་ཐང་ཞིབ་བཤེར་ཐད་དུ་མི3161གི་རིན་ཆག་ཞིབ་བཤེར་བྱ་བ་འགྲུབ་པར་བྱས་པ་པ་མ་ཟད། དོན་དངོས་ལ་གཞིགས་ནས་ལག་ལེན་རང་བཞིན་ཆེ་པའི་བྱེད་ཐབས་གཏན་འབེབས་དང་སྨན་བཅོས་སྒྲིག་ཆས་ཉོ་སྒྲུབས། ལག་རྩལ་ཞབས་ཞུ་མི་སྣ་ཚགས་སྒྲིགས་བཅས་ཀྱི་སྒོ་ནས་དམངས་འཚོའི་བྱ་བ་ཡོངས་སུ་དངོས་འབེབས་བྱས། 2013ལོའི་ལོ་མཇུག་བར་ཏུ། རྫོང་ཡོངས་སུ་བསྡོམས་པས་ཆེད་སྤྱོད་མ་དངུལ་སྒོར་ཁྲི་31.16བཏང་ནས་སྐྱེས་རན་བུད་མེད3592ཀྱི་བདེ་ཐང་སྐྱེས་འཕེལ་སྐོར་ལ་བརྟག་དཔྱད་བྱས་བས་ལོ་ཧྲིལ་བོའི་ཞིབ་བཤེར་བྱ་བའི་དམིགས་འབེན་ལ་བརྒལ་བའི་གྲུབ་འབྲས་བླངས། འབྲོག་པའི་བུད་མེད་བདེ་ཐང་ཡིག་ཚགས3592ལས་ནས་ཡིག་ཚགས་སྒྲུབས་འགན་ཀྱི་བརྒྱ་ཆའི་བརྒྱ་རུ་སླེབས། སྒོར་ཁྲི18བཏང་ནས་བརྟག་དཔྱད་ཆ་རྐྱེན་ཚང་བའི་སྐྱེས་རན་བུད་མེད865ལ་རིན་མེད་བརྟག་དཔྱད་བྱས། སྒོར་ཁྲི6བཏང་ནས་སྐྱེས་རན་བུད་མེད་ཚོར་ལན་དབྱང་བརྟག་ཐབས་ཀྱིས་སྐྱེས་འཕེལ་བརྟག་དཔྱད་བྱས་པ་བརྟག་ཐེངས3000ལ་བུད་པ་བཅས་བུད་མེད་བདེ་ཐང་དང་མི་འབོར་རྒྱུ་སྤུས་ཐད་ལ་མིག་མཐོང་ལག་ཟིན་གྱི་དོན་དངོས་རབ་དང་རིམ་པ་སྒྲུབས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག