མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- ཀན་སུའུ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་སློབ་མ་ཁྲི5ལྷག་ལ་རྒྱ་བོད་སྐད་གཉིས་སློབ་གསོ་སྤེལ་བཞིན་པ།

རྩོམ་པ་པོ། ཚེ་རིང་རྒྱ་མཚོས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-03-15 12:06

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས11ཉིན་གྱི་སྔ་དྲོར།  གསར་འགོད་པ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་གྱི་སློབ་ཆུང་བཞི་བ་རུ་སོང་ནས་འཅར་འདྲི་བྱེད་སྐབས།  སློབ་གྲྭ་འདིའི་དགེ་རྒན་ཞའོ་ལོས་ཡོན་གྱིས་བོད་རིགས་བྱིས་པ་དག་གིས་རྒྱ་སྐད་ཡིག་སློབ་པར་རྨང་གཞི་ཅི་ཡང་མེད་ལ། སློབ་གྲྭས་རྒྱ་བོད་སྐད་གཉིས་སློབ་གསོ་སྤེལ་འགོ་བ་ནས་བཟུང་།  བྱིས་པ་ཚོར་རྒྱ་སྐད་ཡིག་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཞིག་གསར་སྐྲུན་བྱས་པ་དང་།  ལོ་རིམ་ལྔ་ནས་དྲུག་ཐོན་དུས་སྤྱི་སྐད་བརྗོད་པ་དང་རྒྱ་ཡིག་འབྲི་བའི་གནད་དོན་རྩ་བ་ནས་ཐག་བཅད་པ་རེད་ཟེར།

 བསྡོམས་རྩིས་བྱས་པ་ལྟར་ན།  2013ལོའི་ལོ་མཇུག་བར་ཀན་ལྷོ་ཁུལ་དུ་རྒྱ་བོད་སྐད་གཉིས་སློབ་གསོ་སྤེལ་བཞིན་པའི་སློབ་གྲྭ143ཡོད་པ་དང་།  དེའི་ནང་སློབ་ཆུང125དང་སློབ་འབྲིང18དུ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་ཁྲི51363གྱིས་རྒྱ་བོད་སྐད་གཉིས་སློབ་གསོ་མྱོང་བཞིན་ཡོད། རྒྱུན་ཆད་མེད་པར་ཇེ་ལེགས་སུ་འགྲོ་བཞིན་པའི་རྒྱ་བོད་སྐད་གཉིས་སློབ་གསོའི་རྣམ་པས་སློབ་ལོ་རེན་པའི་བྱིས་པ་སློབ་གྲྭ་ཞུགས་ཚད་མཐོར་འདེགས་སུ་བཏང་ཡོད་པས། རྒྱ་ཆེའི་རོང་འབྲོག་པ་མང་ཚོགས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་དགའ་བསུ་ཆེན་པོ་ཐོབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག